83492
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ལ་གཅིག་ཏུ་མོས་ཤིང་ཡིད་ཆེས་པས་མཐར་ཕྱིན་པར་བྱ་བའི་ཕྱིར། དད་པའི་ལག་པ། ༢ སློང་བ་ཐམས་ཅད་ཡིད་བཞིན་དུ་ཚིམ་པར་བྱ་བའི་ཕྱིར། གཏོང་བ་རབ་ཏུ་གཏོང་བའི་ལག་པ། ༣ ལག་གཡས་པ་བརྐྱང་པའི་ཕྱིར། ཚུར་ཤོག བདེ་བར་འོངས་སམ་ཞེས་འདོར་ཏེ། གསོང་པོར་སྨྲ་བའི་ལག་པ། ༤ བསོད་ནམས་བསགས་པ་རྣམ་པར་སྤེལ་བ་ལས་མི་གཡོ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱེད་པའི་ལག་པ། ༥ སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར། ཐོས་པ་ཐམས་ཅད་ལ་མཁས་པའི་ལག་པ། ༦ འདོད་པའི་འདམ་དུ་ཐོགས་པའི་སེམས་ཅན་གྱི་ཁམས་ལ་ལག་པ་རིང་དུ་བརྐྱང་སྟེ་འཇུ་བ་རྙབ་པའི་ཕྱིར། ཁམས་གསུམ་དང་བྲལ་ཞིང་ཤིན་ཏུ་འབྱུང་བར་བྱེད་པའི་ལག་པ། ༧ ཆུ་བོ་ཆེན་པོ་བཞིས་ཁྱེར་བ་ལ་ལག་པའི་རིང་དུ་བརྐྱང་ཞིང་གདོན་པའི་ཕྱིར། བདེ་བའི་ཐང་ལ་གཞོག་པའི་ལག་པ། ༨ འགྲོ་བ་ཐམས་ཅད་ལ་གནོད་པ་མེད་པར་བསྟན་པའི་ཆོས་རབ་ཏུ་བསྟན་པའི་ཕྱིར། ཡང་དག་པར་སྦྱོར་བའི་ཆོས་ལ་སློབ་དཔོན་གྱིས་མི་བཅབ་པའི་ལག་པ། ༩ ལུས་དང་སེམས་ཀྱི་ནད་རབ་ཏུ་བསལ་བའི་ཕྱིར། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གཙུག་ལག་ཐམས་ཅད་ཤེས་པའི་ལག་པ། ༡༠ ཉོན་མོངས་པ་མུན་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྣང་བ་མཚུངས་པ་མེད་པ་ཡོངས་སུ་བསྟན་པའི་ཕྱིར། ཤེས་རབ་དང་། ཡེ་ཤེས་ཀྱི་ལག་པའོ། ། |
| Domain | ཆོས་ལུགས། |