83508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལག་པོད་ (1)
Part of speech མིང་ཚིག
Definition ལག་ཏུ་ཡོང་བའམ་ལག་གི་ནུས་པའི་མིང་སྟེ། གནམ་རྩེ་ལྡེང་མའི་བརྡ་དོན་ལས། ལག་པོད་ནི་ལག་ཏུ་ཡོང་བའམ་ལག་གི་ནུས་པའི་དོན་ཞེས་གསུངས།
Type བརྡ་རྙིང་།
ལག་པོད་ (2)
Part of speech མིང་ཚིག
Definition ལག་ཚབ་བམ་ཕན་ཚུན་ལས་ཀའི་རོགས་རེས་མོས་བྱེད་པའི་དོན་ཏེ། ངག་སྒྲོན་གྱི་འགྲེལ་པ་ལས། ལག་པོད་ལག་ཚབ་ལག་གཡར་བ་ཕན་ཚུན་ལས་ཀའི་རོགས་རེས་མོས་བྱེད་པའི་མིང་ཙམ་ཞེས་གསུངས།
ལག་པོད་ (3)
Part of speech མིང་ཚིག
Definition ལག་གཉིས་ཀུམ་སྟེ་སྤྲད་པའི་མིང་སྟེ། བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ལས། ལག་པོད་ལག་གཉིས་ཀུམ་སྟེ་སྤྲད་པ་ཞེས་གསུངས།