From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལག་འཇུ་ (1)
| Part of speech
|
མིང་ཚིག
|
| Definition
|
དགའ་ཉེ་གྲོགས་པོ་དང་མི་གསར་པར་ཐུག་འཕྲད་སྐབས་ལག་པ་འཇུ་རེས་བྱེད་པའི་བྱ་སྤྱོད་ཀྱི་མིང་།
|
| Example
|
ལག་འཇུ་བཏང་ནས་ཕེབས་བསུ་ཞུས་ཞེས་པ་ལྟ་བུ།
|
ལག་འཇུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྐས་འཛེག་གཡས་གཡོན་གྱི་ལག་པ་འཇུ་སའི་ཆ་ཤས་ཀྱི་མིང་།
|
| Example
|
སྐས་འཛེག་ལ་ལག་འཇུ་བརྟན་པོ་ཞིག་མེད་ན་བྱིས་པ་ཚོ་སྐས་འཛེག་ལས་ལྷུང་ཉེན་ཆེ་ལྟ་བུ།
|
ལག་འཇུ་ (3)
| Part of speech
|
མིང་ཚིག
|
| Definition
|
སྣོད་སོགས་ཀྱི་ལག་པ་འཇུ་སའི་ལུང་།
|
| Example
|
ཇ་སྣོད་ཀྱི་ལག་འཇུ་ཆད་པ་ལྟ་བུ།
|
ལག་འཇུ་ (4)
| Part of speech
|
མིང་ཚིག
|
| Definition
|
ཅ་ལག་སོགས་ལག་པས་འཛིན་པ།
|