83590
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་ཉེར་གཉིས་པ་མ་སྐྱེས་དགྲས་ཞུས་པ་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི ། དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བར་བྱ་བར་སྤྲོ་བ། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་པ། སེམས་ཅན་རྣམས་ལ་ཀུན་ཏུ་དགའ་བར་འགྱུར་བའི་ཚིག་སྒྲོགས་པ། སེམས་ཅན་དབུལ་པོ་སྡུག་བསྔལ་བ་ངལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བའོ། ། |
| Domain | ཆོས་ལུགས། |