83594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལག་ལེན་ (1)
Part of speech མིང་ཚིག
Definition རང་གི་བསམ་ཚུལ་དང་ཁས་བླངས་པའི་ཚིག་སོགས་དངོས་སུ་སྒྲུབ་པའི་བྱ་སྤྱོད་ཀྱི་མིང་སྟེ།
Example ཁ་ཡི་བཤད་པ་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་དོན་དངོས་ར་སྤྲོད་བྱེད་ཅེས་པ་ལྟ་བུ།
ལག་ལེན་ (2)
Part of speech མིང་ཚིག
Definition བྱ་བ་གང་ཞིག་མི་ཐོག་རིམ་པར་བརྒྱུད་དེ་ཡོང་བའི་བྱེད་སྲོལ་ཏེ།
Example རྒན་ལ་བཀུར་ཞིང་གཞོན་པ་བྱམས་ཀྱིས་སྐྱོང་བའི་ལག་ལེན་བཟང་པོར་མིག་དཔེ་བལྟ་ཞེས་པ་ལྟ་བུ།
ལག་ལེན་ (3)
Part of speech མིང་ཚིག
Definition ལག་པས་འཛིན་པ། མེ་མདའ་ལག་ལེན་བྱེད་སྐབས་ཡིད་གཟབ་མ་བྱས་ན་སྟོང་མདའ་ཤོར་ཡོང་ལྟ་བུའོ། །