83735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལབ་གཞི་ (1)
Part of speech མིང་ཚིག
Definition གླེང་མོལ་ལམ་གྲོས་མོལ་གྱི་དོན་གཙོ་བོའམ་སྐད་ཆ་གཙོ་བོ་སྟེ།
Example ལབ་གཞི་དེ་ཐག་གཅོད་བྱེད་རྒྱུར་ཚང་མས་བསམ་ཚུལ་འདོན་དགོས་ལྟ་བུ།
ལབ་གཞི་ (2)
Part of speech མིང་ཚིག
Definition ལ་ཕུག་འབྱུང་བའི་གཞི་ས་བོན་གྱི་མིང་གི་རྣམ་གྲངས་ཤིག་སྟེ། འདི་ནི་ལོ་གཉིས་པར་འབྱུང་བ་ཡིན་ཞིང། ལོ་དང་པོར་སྐྱེས་པའི་ལ་ཕུག་རྡོག་པོ་དེ་ལོ་གཉིས་པར་བཏབ་ན་ལོ་དེར་ལོ་མའི་དབུས་ནས་སྡོང་པོ་རྒྱས་ཤིང་ཧ་ལམ་མི་ཚད་ཙམ་ལ་ཡལ་ག་ཁ་ཤས་གྱེས་པ། མེ་ཏོག་དམར་སྐྱ་རྒྱ་གྲམ་སྡོང་པོ་དང་ཡལ་གའི་རྩེར་འཆར་ཞིང༌། གང་བུ་པད་ཁའི་གང་བུའི་དབྱིབས་འདྲ་ལ་དེ་ལས་སྦོམ་ཞིང་ལྟོ་བ་རྒྱས་པའི་ནང་འབྲུ་གུའམ་ས་བོན་སྐྱི་བའི་འབྲུ་འདྲ་བ་བཞི་ལང་ཙམ་ཡོད་པ་སྟེ། བོད་ཁུལ་དུ་བཏབ་ནས་ཐོན་སྐྱེད་བྱེད་པ། ས་བོན་དེ་ཉིད་སྨིན་མཚམས་སུ་བཏུས་ཏེ་སྐམ་རྗེས་འབྲུ་གུ་བཏོན་ནས་ཉར་ཚགས་བྱེད་རྒྱུ། རོ་མངར་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་བས་ཕོ་མཁལ་གྲང་བ་ལོང་མཆེར་འགྲམས་པ། མགོ་ནད་སོགས་འཇོམས་པར་བྱེད་པ་ཡིན་ནོ། །