83767
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ སྔོན་དམ་ཆོས་མཉན་པའི་རྒྱུས་ད་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རང་ཉིད་ཀྱིས་རྟོགས་ཏེ། དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་གང་ཟག་ལ་བདག་མེད་པར་རྟོགས་ཏེ་དགྲ་བཅོམ་པ་ཐོབ་པ་ནི་རང་བྱང་ཆུབ་ཅེས་བྱའོ། ། ༢ བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་ཞུགས་ནས་ས་བཅུས་རིམ་གྱིས་བསྒྲིབ་པ་རྣམ་པ་གཉིས་སྤོང་བ་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཅེས་བྱའོ། ། ༣ ས་བཅུ་རིམ་གྱིས་འདས་ཏེ་སངས་རྒྱས་ཀྱི་སར་ཡེ་ཤེས་བཞི་དང་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། ། |
| Domain | ཆོས་ལུགས། |