83776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་གྱི་ངོ་བོ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། གཞིའི་དུས་ཀྱི་ཆོས་ཉིད་ཟུང་འཇུག་གི་ངོ་བོར་གནས་པས་འབྲས་བུའི་ཡེ་ཤེས་ཀྱང་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡིན་ལ། རྒྱུ་མཚན་དེའི་ཕྱིར་དེ་སྒྲུབ་པར་བྱེད་པའི་ཐབས་སམ་ལམ་ཡང་ངོ་བོ་ཟུང་འཇུག་གི་མཚན་ཉིན་ཅན་ཞིག་དགོས་ཏེ། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་པ་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ནི་ཟུང་འཇུག་གི་ལམ་སྟེ། ཟུང་འཇུག་དེ་ཡང་གང་ཞེ་ན། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྐུ་ཟུང་དུ་འཇུག་པའི་བདག་ཉིད་དེ། དེ་ཉིད་སྙིང་རྗེ་ཆེན་པོ་དང་། སྟོང་པ་ཉིད་ཟུང་དུ་འཇུག་པ་ཡང་འདི་ཁོ་ནའོ། །
Domain ཆོས་ལུགས།