83786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་གྱི་དམིགས་པ་ (1)
Part of speech མིང་ཚིག
Definition ལམ་གྱི་དམིགས་པ་ནི། བདེན་པ་མཐོང་བ་ཞེས་བཤད་ན་བདེན་པ་གང་ཞེ་ན། བདེན་པ་རྣམས་ནི་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པའོ། །དེ་ལ་འབྲས་བུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ནི་སྡུག་བསྔལ་ལོ། །རྒྱུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ནི་ཀུན་འབྱུང་དང་། བྲལ་འབྲས་འདུས་མ་བྱས་ནི་འགོག་པ་དང་། ཟག་མེད་འདུས་བྱས་ནི་ལམ་བདེན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།