83792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་གྱི་བདེན་པའི་ངོ་བོ་ཉིད་དབྱེ་བ་རྣམ་པ་བཅུ་གཅིག་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ། ༢ རྩོལ་བ་ལས་བྱུང་བའི་ལམ། ༣ ཏིང་ངེ་འཛིན་ཡོངས་སུ་སྦྱོར་བར་བྱེད་པའི་ལམ། ༤ མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ། ༥ མངོན་པར་རྟོགས་པ་དང་འདྲེས་པའི་ལམ། ༦ མངོན་པར་རྟོགས་པའི་ལམ། ༧ རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ། ༨ གནས་དང་དབང་པོ་ཐ་དད་པའི་ལམ། ༩ བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ། ༡༠ ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ། ༡༡ ལམ་སྡུད་པའི་ལམ་བཅས་སོ། །དེ་དག་ཀྱང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ལམ་བཞི་དང་། ཆོས་ཀྱི་གནས་བཞི་དང་། ཞི་གནས་དང་། ལྷག་མཐོང་དང་། དབང་པོ་གསུམ་དང་གོ་རིམ་བཞིན་ནོ། །
Domain ཆོས་ལུགས།