83816
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ལམ་གྱི་མཚན་ཉིད་ནི། མཱརྒ་འཚོལ་བ་ལའོ། །ཞེས་པའི་བྱིངས་ལས་བསྒྲུབས་པས་ཆོས་ཀྱི་དབྱིངས་དེ་ཁོ་ནའི་དོན་འཚོལ་ཞིང་རྟོགས་པར་བྱེད་པའི་མཚན་ཉིད་ཅན་དུ་རིགས་པར་བྱའོ། །༢ རིགས་པའི་མཚན་ཉིད་ནི། རིགས་པ་ནི་རིགས་པ་མ་ཡིན་པ་ཉོན་མོངས་པའི་གཉེན་པོ་བྱེད་པའི་མཚན་ཉིད་ཅན་དུ་རིགས་པར་བྱའོ། །༣ སྒྲུབ་པའི་མཚན་ཉིད་ནི། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་ལས་བཟློག་ནས་དེ་ཁོ་ན་ཉིད་རྟོགས་པ་ལས་འཇོག་ཅིང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་མཚན་ཉིད་དུ་རིགས་པར་བྱའོ། །༤ ངེས་པར་འབྱིན་པའི་མཚན་ཉིད་ནི། འདུས་མ་བྱས་ཤིང་རྟག་པ་གཏན་དུ་བའི་མྱ་ངན་ལས་འདས་པའི་གནས་སུ་འགྲོ་བའི་མཚན་ཉིད་ཅན་དུ་རིགས་པར་བྱའོ། །དེ་བཞིའི་ངེས་ཚིག་ནི། མཛོད་འགྲེལ་ལས། བགྲོད་པའི་དོན་གྱིས་ལམ་མོ། །རིགས་པ་དང་ལྡན་པའི་ཕྱིར་རིགས་པའོ། ཡང་དག་པར་སྒྲུབ་པའི་དོན་གྱི་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པའོ། ། |
| Domain | ཆོས་ལུགས། |