83833
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ལམ་གྱི་དུས་སུ་རྣམ་ཤེས་ལ་ཇི་ལྟར་སྣང་བ་དེ་ཉིད་ཁས་བླངས་ནས་བསོད་ནམས་ཀྱི་ཚོགས་སོག་པ་དང། ཡེ་ཤེས་ཀྱི་ངོར་ཅི་ཡང་སྣང་བ་མེད་པ་དེ་ཉིད་གོམས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་སོག་པ་གཉིས་མི་འགལ་གྱི་སྟེང་དུ་གྲུབ་པ་དང་བདེ་བ་ཐ་མི་དད་པ་དེ་ལ་ནི་ལམ་དབུ་མ་ཐབས་ཤེས་ཟུང་དུ་འཇུག་པ་ཞེས་བྱའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཟབ་ཞི་སྤྲོས་བྲལ་གྱི་བཤད་པ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |