83834
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཤིང་རྟ་བརྟན། བདེ། མགྱོགས་པ་ལྟར། ལམ་ཚོགས་གཉིས་ཀྱང་སྲིད་ཞིར་མི་ལྟུང་བས་བརྟན་ཞིང་། སྡུག་བསྔལ་དང་གནོད་པ་མེད་པས་བདེ་ལ། མྱུར་དུ་སངས་རྒྱ་བས་མགྱོགས་པ་ཡིན་ཏེ། དེ་དག་ལ་དགོངས་ནས་རིམ་པ་ལྟར། འཕགས་པ་སྡུད་པ་ལས། ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་སྤོང་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །ཅེས་པ་དང་། འཕགས་པ་སྡུད་པ་ལས། ཟིལ་གྱིས་མི་གནོན་རྒྱལ་བའི་བྱང་ཆུབ་མྱུར་དུ་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |