8385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནོད་སེམས་ཀྱི་མཚན་ཉིད་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། གནོད་པར་བྱེད་པའི་རྒྱུ་ལ་དེ་དང་མཐུན་པའི་ཆོས་མཚན་མར་འཛིན་པས་ཞེ་སྡང་གི་སེམས་དང་ལྡན་པ། གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སེམས་དང་ལྡན་པ། ཡང་དང་ཡང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྗེས་སུ་དྲན་པས་འཁོན་དུ་འཛིན་པའི་སེམས་དང་ལྡན་པ། ཀྱེ་མ་སེམས་ཅན་འདི་དག་བརྡེགས་སམ་བསད་ན་ཅི་མ་རུང་སྙམ་དུ་རྒྱ་ཆེར་སེམས་མངོན་པར་འདུ་བྱེད་པས་འཁུ་བའི་སེམས་དང་ལྡན་པ། སྔ་མ་ལྟ་བུ་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ།
Domain ཆོས་ལུགས།