83854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་ཆུབ་སོ་བདུན་སྒོམ་སྟོབས་ཀྱིས་དུས་གསུམ་གྱི་འཕགས་པ་ཐམས་ཅད་བགྲོད་པའི་ལམ་ལྟ་བུའི་སེམས་བསྐྱེད་ཅིག་ལ་ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སོ་བདུན་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་ལམ་དེ་ནས་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར། །ཞེས་གསུངས། ས་མཚམས་ནི་དག་པ་ས་གསུམ་ན་ཡོད་པར་འདོད་དོ། །
Domain ཆོས་ལུགས།
ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition བྱང་ཕྱོགས་སོ་བདུན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ལམ་པོ་ཆེ་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་ཡིན་པའི་ཕྱིར། འདི་བྱང་ཕྱོགས་སོ་བདུན་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི། ལམ་པོ་ཆེ་ལྟ་བུ་སྟེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ཉིད་ཀྱིས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །