83861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་བདེན་ (1)
Part of speech མིང་ཚིག
Definition མདོ། འཕགས་པའི་རྒྱུད་ཀྱི་མངོན་རྟོགས་ཞིག་ལ་ལམ་གྱི་བདེན་པ་ཞེས་བརྗོད། ལམ་བདེན་གྱི་ངོ་བོ་ཡོད་དེ། རང་གི་ཐོབ་བྱ་འགོག་བདེན་གྱི༌བྲལ་རྒྱུར་གྱུར་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་ཞིག་ལ་འཇོག་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། ཉན་ཐོས་ཀྱི་ལམ་བདེན། རང་རྒྱལ་གྱི་ལམ་བདེན། ཐེག་ཆེན་གྱི་ལམ་བདེན་རྣམས་སུ་ཡོད་པའི་ཕྱིར། རྣམ་པའི་སྒོ་ནས་དབྱེ་ན་བཞི་ཡོད་དེ། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པ་བཞི་ཡོད་པའི་ཕྱིར་རོ། །དབྱེ་ཚུལ་གཞན་ལ་ཀུན་ལས་བཏུས་ལས་ལྔར་ཡང་གསུངས་ཏེ། དེ་ཉིད་ལས་ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། སྒོམ་པའི་ལམ་དང། མཐར་ཕྱིན་པའི་ལམ་ཞེས་གསུངས་པའི་ཕྱིར། དེ་ནི་དངོས་བཏགས་མ་ཕྱེ་བར་གསུངས་ཀྱི་ཚོགས་སྦྱོར་གཉིས་ལམ་གྱི་བདེན་པར་མི་རུང་སྟེ། མཛོད་ལས། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད། ཅེས་དང། ཀུན་ལས་བཏུས་ལས། སོ་སོ་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་མ་ཐོབ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།
ལམ་བདེན་ (2)
Part of speech མིང་ཚིག
Definition འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག ལམ། རིག་པ། སྒྲུབ་པ། ངེས་འབྱིན་དང་བཅས་པའི་ཁྱད་ཆོས་བཞི་ལྡན་དུ་དམིགས་པ།
ལམ་བདེན་ (3)
Part of speech མིང་ཚིག
Definition རང་རྒྱུད་ལྡན་གྱི་འཕགས་རྒྱུད་ཀྱི་མཁྱེན་པར་དམིགས་པ། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་ལྔ་ཡོད་དེ། མངོན་པ་ཀུན་བཏུས་ལས། ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། སྒོམ་པའི་ལམ་དང། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར། དེ་ཡང་དངོས་བཏགས་སོ་སོར་མ་ཕྱེ་བ་ཡིན་གྱི། ཕྱི་མ་གསུམ་ལམ་བདེན་དངོས་ཡིན་ཀྱང་དང་པོ་གཉིས་དངོས་མ་ཡིན་ལ་དེ་ལྟར་ཡིན་ཀྱང་དེ་གཉིས་ལམ་བདེན་གྱི་འཁོར་དུ་གཏོགས་པས་ན་ལམ་བདེན་ཞེས་བརྗོད་པ་ཡིན་ཏེ། མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་ལས། དེ་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱི་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར།
ལམ་བདེན་ (4)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་པ། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། ཉོན་མོངས་པའི་ཟག་མེད་འདུས་བྱས་ཞེས་པའོ། །ཞེས་བྱུང་།