83867
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ། |
Domain | ཆོས་ལུགས། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཆོས་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བའོ། ། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འཇིག་རྟེན་དང་འཇིག་རྟེན་ལས་པའི་ལམ་ཐམས་ཅད་པོ་མདོར་བསྡུ་ན་རྣམ་པ་བཞི་རུ་ངེས་པ་སྟེ། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། །ཁྱད་པར་ཅན་གྱི་ལམ་སྟེ་བཞིའོ། །དེ་ཡང་སྦྱོར་བའི་ལམ་ནི་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་སྤོང་བའོ། །རྣམ་པར་གྲོལ་བའི་ལམ་ནི་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་པ་དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །ཁྱད་པར་ཅན་གྱི་ལམ་ནི་དེ་དག་ལས་གཞན་པའི་ལམ་གང་ཡིན་པའོ། །དེ་ཡང་མཐོང་བའི་ལམ་དཔེར་བརྗོད་ནི་གོ་རིམ་བཞིན་དུ་ངེས་འབྱེད་ཆ་མཐུན་རྣམས་དང་། བཟོད་པ་བརྒྱད་དང་། ཤེས་པ་རྣམས་དང་། སྒོམ་པའི་ལམ་རྣམས་སྦྱོར་བ་ལ་སོགས་པ་བཞི་ཡིན་པ་བཞིན་ནོ། །དེ་ལ་དང་པོ་གཉིས་ནི་རྣམ་པར་གྲོལ་བའི་ཁང་བཟང་དུ་འགྲོ་བའི་ཕྱིར་ལམ་ཡིན་ལ། །ཕྱི་མ་གཉིས་ནི་དེ་དང་འདྲ་བའི་ཕྱིར་རྒྱུ་བསགས་པའི་སྒོ་ནས་སྔ་མ་བས་ཆེས་ཁྱད་པར་དུ་འགྲོ་བའི་ཕྱིར་དང་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་རམ། དེ་དག་སྐྱེས་ན་ལྷག་མེད་དུ་འཇུག་པའི་ཕྱིར་ལམ་མོ། ། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས་བྱུང་བ་སྟེ། དེ་ལ་བསམ་གཏན་དང་པོ་ལ་འཇུག་པར་བྱེད་པའི་མི་ལྕོགས་པ་མེད་པས་བསམ་གཏན་ཁྱད་པར་ཅན་ནི་ལྷག་མཐོང་གི་ཤས་ཆེ་སྟེ་དཀའ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་གཞི་གནས་ཀྱི་ཤས་ཆེ་སྟེ་དཀའ་བས་དེ་དག་ལ་གང་ཟག་དབང་པོ་རྟུལ་པོ་ཞུགས་པ་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཞེས་བྱའོ། ། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཞེས་བྱའོ། ། བསམ་གཏན་བཞི་པོ་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཞེས་བྱའོ། ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པོ་དེ་ནི་ཞི་གནས་དང་ལྷག་མཐོང་གི་ཆ་མཉམ་པས་ན་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཞེས་བྱའོ། ། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། ལམ་ཟབ་མོ་ཀུན་གྱི་སྤྱི་གཞུང་ཁྱད་མཆོག་རྡོ་རྗེ་སློབ་དཔོན་སྒྲུབ་པའི་མན་ངག་གནད་དྲིལ་ལམ་ཁྱེར་སྨར་ཆོས་མཆོག་ཐུན་དངོས་གྲུབ་བཅུད་འབེབས་ལས་བྱུང་བ་སྟེ། བསྐྱེད་རིམ་གྱི་ལམ། རྫོགས་རིམ་གྱི་ལམ། ཕྱག་རྒྱའི་ལམ། རྫོགས་ཆེན་ལམ་འབྱོངས་སོ། ། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། དཀར་པོ་ཆགས་མེད་བག་ཆགས་མེད་པ། ཐུགས་རྗེའི་རྒྱུན་དུ་ཞུགས་པ། དྲང་པོ་འཁོར་བ་མེད་པ། དབུ་མ་བླ་རུ་ཕྱིན་པའོ། ། |
{{#arraymap:ལམ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བུམ་དབང་གི་ལམ་བསྐྱེད་རིམ་ཕྲ་མོ་དང་རགས་པ། གསང་དབང་གི་ལམ་རླུང་རྡོ་རྗེའི་བཟླས་པ་དང་སྒྱུ་ལུས། ཤེས་རབ་དབང་གི་ལམ་ཐབས་ལམ་འོད་གསལ་སྟོང་པ་ཉིད། ཚིག་དབང་གི་ཟབ་ལམ་ཟུང་འཇུག་གི་གོ་འཕང་ངོ་། ། |
{{#arraymap:ལམ་བཞི་
|; |@@@ | | }}