83873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་བསྒོམ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ལུས་དང་། ངག་དང་། སེམས་ཀྱི་མི་ལོངས་པ་མེད་པས། བླང་བ་མེད་པ་དང་། དོར་བ་མེད་པ་བསྒོམ་པ། ༢ ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཡེ་ཤེས་དང་ལྡན་པས། བསྣན་པ་མེད་པ་དང་། དབྲི་བ་མེད་པ་བསྒོམ་པ། ༣ རང་བཞིན་གྱིས་འཇུག་པ་མེད་པས། བསྒོམ་པ་མེད་པ་དང་། རྣམ་པར་བསྒོམ་པ་མེད་པ་བསྒོམ་པ། ༤ མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས། སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། སྒྲ་བརྙན་དང་། སྨིག་རྒྱུ་དང་། ཆུའི་ཟླ་བ་ལྟ་བུར་བསྒོམ་པ། ༥ ཁམས་གསུམ་པའི་བསོད་ནམས་བལྟ་བས་བསགས་པ་བསལ་བའི་ཕྱིར། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་བསྒོམ་པ། ༦ ཆོས་སུ་གདགས་པ་རྣམ་པར་འགོད་པ་དང་བྲལ་བས་བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང། རྨོས་སུ་མེད་པ་དང་། བཤད་དུ་མེད་པ་བསྒོམ་པ། ༧ ཆོས་ཐམས་ཅད་ལ་ཞུགས་པའི་ཡེ་ཤེས་མངོན་སུམ་དང་ལྡན་པས། ཆོོས་ཀྱི་དབྱིངས་ཐ་མི་དད་པ་བསྒོམ་པ། ༨ དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་ནམ་མཁའི་མཐའ་དང་མཉམ་པ་ཁོང་དུ་ཆུད་པས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་མ་ཉམས་པར་བསྒོམ་པ། ༩ མངོན་པར་འདུ་བྱེད་པའི་སྟོབས་རྒྱུན་མི་འཆད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཡངས་པ་བསྒོམ་པ། ༡༠ ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཏེ། ཐེ་ཚོམ་མེད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་བསྙེངས་པ་བཞི་དང་། ཐ་དད་པ་ཡང་དག་པར་མཁྱེན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚུངས་པ་མེད་པ་བསྒོམ་པའོ། །
Domain ཆོས་ལུགས།