83875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་བསྒོམ་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། རྩོམ་པ་བསྒོམ་པ་ནི། གང་ལ་སྐྱེས་པའི་དགེ་བའི་ཆོས་རྣམས་བསྐྱེད་པའི་ཕྱིར་སྒོམ་པ་དེ་ནི་རབ་ཏུ་རྩོམ་པ་སྒོམ་པའོ། ། ངེས་པར་རྟེན་པ་བསྒོམ་པ་ནི། གང་སྐྱེས་པའི་དགེ་བའི་ཆོས་རྣམས་གནས་པའི་ཕྱིར་དང་ཀུན་དུ་མི་བརྗོད་པའི་ཕྱིར་དང་ཡང་ཡང་འབྱུང་བའི་ཕྱིར་དང་འཇུག་པ་རྒྱས་པའི་ཕྱིར་སྒོམ་པ་དེ་ནི་ངེས་པར་རྟེན་པ་སྒོམ་པའོ། ། ངེས་པར་དག་པ་བསྒོམ་པ་ནི། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་སྒོམ་པ་དེ་ནི་ངེས་པར་དག་པ་སྒོམ་པའོ། ། གཉེན་པོ་བསྒོམ་པ་ནི། གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་སྒོམ་པ་དེ་ནི་གཉེན་པོ་སྒོམ་པའོ། །
Domain ཆོས་ལུགས།
ལམ་བསྒོམ་པ་རྣམ་པ་བཞི་ (2)
Part of speech མིང་ཚིག
Definition ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། འདུ་བྱེད་ཀྱི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ། འདུ་བྱེད་ཡོངས་སུ་བཤད་པའི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ། ཀུན་ནས་ཉོན་མོངས་པའི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ། རྣམ་པར་བྱང་བའི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པའོ། །
ལམ་བསྒོམ་པ་རྣམ་པ་བཞི་ (3)
Part of speech མིང་ཚིག
Definition འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། ཉན་ཐོས་ལམ་བསྒོམ་པ། རང་སངས་རྒྱས་ཀྱི་ལམ་བསྒོམ་པ། བྱང་ཆུབ་སེམས་དཔའི་ལམ་བསྒོམ་པ། དེ་བཞིན་གཤེགས་པའི་ཁྱད་པར་གྱི་ལམ་བསྒོམ་པའོ། །