8390
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོ་དུས་རབས་བདུན་པའི་སྨད་དུ་སྐུ་འཁྲུངས། འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་བློན་པོ་ཡིན། རྟ་རྒོད་གཡང་ལ་མཆོངས་པ་གྱེན་ལ་འཐེན་ཐུབ་པ་དང་། དྲག་པོ་གཡུལ་གྱི་ལས་ལ་ཞུགས་ནས་དཔུང་ཆེན་ཁ་ལོ་བསྒྱུར། རྒྱལ་ཁམས་དུ་མ་དབང་དུ་བསྡུས། དམག་དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ཞིག་ཡིན། |