83945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཞི་ཤེས་ཀྱི་རྣམ་པའི་སྐབས་ལམ་བདེན་གྱི་རྣམ་པ་ལ་ལམ་གྱི་རིགས་གསུམ་དུ་ཕྱེས་པ་ལ་ལམ་རྣམ་པ་གསུམ་ཞེས་ཟེར། ཇི་ལྟར་ཕྱེ་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ལམ་གསུམ་ཡོད་པ་དེ་ལ་ལམ་དང་པོ་ཉོན་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ལ་རྣམ་པ་བཞི་ཡོད་དེ། བྱེད་པ་པོའི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ནི་ལམ་བདེན་གྱི་ལམ་གྱི་རྣམ་པ་དང༌། དེ་བཞིན་དུ་ཤེས་པ་པོའི་གང་ཟག་གི་བདག་མེད་པ་དང༌། འཕོ་བ་པོའི་གང་ཟག་གི་བདག་མེད་པ་དང༌། ཉོན་མོངས་འདུལ་བ་པོའི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ནི་གོ་རིམ་བཞིན་དུ་ལམ་བདེན་གྱི་རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་གྱི་རྣམ་པ་ལ་སོགས་པའི་མཚན་ཉིད་དག་ཡིན་པའི་ཕྱིར། གཉིས་པ་ནི། ལམ་གཉིས་པ་ལ་ཕྱི་དོན་མེད་པར་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། སྤྱིར་ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོར་གྱུར་པ་ཡིན་ཏེ། གོ་རིམ་བཞིན་དུ། རྨི་ལམ་བཞིན་ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པ་དང༌། སྒྲ་བརྙན་བཞིན་ཕྱི་རོལ་གྱི་དོན་མ་སྐྱེས་པ་དང༌། མིག་ཡོར་བཞིན་ཕྱི་རོལ་དོན་མ་འགགས་པ་དང༌། སྨིག་རྒྱུ་བཞིན་ཕྱི་རོལ་གྱི་དོན་གཟོད་མ་ནས་ཞི་བ་དང༌། སྒྱུ་མའི་རྣམ་པ་བཞིན་ཕྱི་རོལ་གྱི་དོན་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་རྟོགས་ཤིང༌། ཕྱི་དོན་མེད་བཞིན་དུ་སྣང་བའི་འཁྲུལ་སྣང་ཙམ་དུ་ཁྱོད་ཀྱི་བློ་དེའི་སྟོབས་ཀྱིས་རྟོགས་པའི་ཕྱིར། གསུམ་པ་ནི། ལམ་གསུམ་པ་ཕྱི་དོན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། གོ་རིམ་བཞིན་དུ་ཤེས་སྒྲིབ་གཟུང་བའི་རྣམ་པར་རྟོག་པ་རྣམས་ཀྱི་སོ་སོར་ངེས་པའི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཤེས་སྒྲིབ་གཟུང་བར་རྟོག་པ་ཕྱི་རོལ་དོན་དུ་ཞེན་པའི་ཆགས་སོགས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་ཀྱི་རྣམ་པར་བྱང་བ་དང༌། ཉོན་མོངས་པའི་བག་ཆགས་ཀྱིས་གོས་པ་དང༌། གཟུགས་ལ་སོགས་པའི་དབྱེ་བའི་སྤྲོས་པ་དང༌། རང་གི་རྟོགས་པ་ལ་རོ་མྱང་བའི་རློམས་པ་དང༌། རྟོགས་པ་དེ་ཉིད་ཐོབ་ཟིན་ཡོངས་སུ་ཉམས་པར་ཞེན་པའི་གཉེན་པོ་ཡིན་པའི་ཕྱིར། ཕྱི་རོལ་དོན་དུ་ཞེན་པའི་ཀུན་ནས་ཉོན་མོངས་མེད་པར་མངོན་སུམ་དུ་རྟོགས་པ་དང༌། ཕྱི་རོལ་དོན་གྱི་རྣམ་པར་བྱང་བ་མེད་པ་དང༌། བག་ཆགས་ཀྱིས་གོས་པ་མེད་པ་དང༌། དོན་གྱིས་དབྱེ་བའི་སྤྲོས་པ་མེད་པ་དང༌། རྟོགས་པས་རོ་མྱང་བའི་རློམས་པ་མེད་པ་དང༌། ཐོབ་ཟིན་ཉམས་པ་མེད་པའི་མི་གཡོ་བའི་རྣམ་པ་གཟུང་བ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ལམ་རྣམ་པ་གསུམ་

|; |@@@ | | }}

ལམ་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition མྱང་འདས་ལེའུ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་དྲིས་པའི་ལེའུ་ལས་བྱུང་བ་སྟེ། ༡. རབ་ནི། འཁོར་བ་མི་རྟག་པ་ལ་ནོར་བར་རྟག་པར་མཐོང་ལ། དཀོན་མཆོག་གསུམ་རྟག་པ་ཡིན་པ་ལ་ནན་གྱིས་མི་རྟག་པར་སྒྲོ་བཏགས་པའོ། །དེ་ལ་ཅིའི་ཕྱིར་རབ་ཅེས་བྱ་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཐོབ་པའི་ཕྱིར་རོ། །༢. འབྲིང་ནི། དོན་དམ་པའི་སྟོང་པ་སྟེ། མི་རྟག་པ་ནི་རྟག་པར་མཐོང་། རྟག་པ་ནི་མི་རྟག་པར་མཐོང་བའོ། །དོན་དམ་པའི་སྟོང་པ་ནི་ཐ་མ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་བའི་ཕྱིར་རོ། །རབ་ཅེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤོང་བའི་ལམ་ནི་རབ་མ་ཡིན། ཐ་མ་མ་ཡིན་ཏེ། དོན་དེའི་ཕྱིར་དབུ་མ་ཞེས་བྱའོ། །༣. ཐ་མ་ནི། ཚངས་པ་དག་རྟག་ཏུ་རྟག་པ་མེད་པ་ལ་ནོར་བར་རྟག་པར་ལྟ་བའོ། །

{{#arraymap:ལམ་རྣམ་པ་གསུམ་

|; |@@@ | | }}