83948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ལ་དབང་བའི་སྤོབས་པ་སོ་སོ་ཡང་དག་རིག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོས་རྣམས་ཀྱི་འགལ་བ་དང་འབྲེལ་བའི་རིགས་པའི་འཐད་པ་རྣམས་རང་ཉིད་ཀྱི་ཡིད་ལ་བྱེད་པ་ལ་མཁས་པའི་སྒོ་ནས་ཞི་ལྷག་གི་ཏིང་ངེ་འཛིན་མི་བརྗེད་པས་ལམ་ལ་དབང་བ་ལ་ཐོགས་པ་མེད་པར་ཤེས་པ་ཞིག་སྟེ། དེའི་རྟེན་ནི་གླིང་གསུམ་གྱི་མི། གང་ཟག་ནི་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ། ས་ནི་འདོད་པའི་ས་ནས་སྲིད་རྩེའི་བར་ས་ཀུན་ན་ཡོད་དེ། མཆིམས་མཛོད་ལས། རང་ཉིད་ཡིད་ལ་བྱེད་པས་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་མི་བརྗེད་པས་ལམ་ལ་དབང་བ་ཉིད་ལ་ཐོགས་པ་མེད་པར་ཤེས་པ་སྟེ། ཞེས་དང། ཇི་ལྟར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་གླིང་གསུམ་གྱི་མིས་སྐྱེད་པ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་ཀྱང་དེ་དང་འདྲའོ། །ཞེས་དང་། ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་ན་ཅི་རིགས་པར་ཡོད་དེ། ངག་དང་ལམ་གང་ཡང་རུང་བ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།