83967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེར་ཕྱིན་རྣལ་འབྱོར་སྤྱི་དང་བྱེ་བྲག་གི་མཚན་ཉིད་བཤད་པའི་དགོས་པ་ (1)
Part of speech མིང་ཚིག
Definition སྐབས་འདིར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་སྤྱི་དང་བྱེ་བྲག་གི་མཚན་ཉིད་བཤད་པ་ལ་དགོས་པ་ཡོད་དེ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་གྱི་རྣམ་དབྱེ་ཤེས་པར་བྱས་ནས་འབྲས་བུ་ཤེར་ཕྱིན་ལ་ཡིད་དཔྱོད་ཀྱི་དོན་གཉེར་ཙམ་ཞིག་སྔ་རོལ་དུ་སྐྱེས་ཀྱང། ལམ་ཤེར་ཕྱིན་དང། འབྲས་བུ་ཤེར་ཕྱིན་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་ཚད་མས་ངེས་པར་བྱེད་པ་ལ་སྔ་རོལ་དུ་ལམ་ཤེར་ཕྱིན་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས། དེ་ལ་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཕྱིར་དུ་ཡིན་པའི་ཕྱིར་རོ། །