83970
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། འདིིར་སྲིད་པར་སྐྱེ་བའི་རྒྱུ་ནི་གཉིས་ཏེ། འཁོར་བ་འཆིང་བྱེད་དང། བག་ལ་ཉལ་གྱི་ངོ་བོའོ། །དེ་ལ་འཁོར་བར་འཆིང་བྱེད་ཀྱི་རྒྱུ་དེས། ཉན་རང་འཕགས་པ་སློབ་པའི་རྒྱུ་ཡང་བྱེད་དེ། དེ་དག་ཀྱང་ཕུང་པོ་ལ་འཇིགས་པས་སྐྱེ་བ་ལེན་པ་དེ་སྲིད་དུ་རང་དབང་མེད་པར་སྲིད་པར་མཚམས་སྦྱོར་བའི་ཕྱིར། ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་རྣམས་ཀྱི་སྐྱེ་བའི་རྒྱུ་མི་བྱེད་དེ། ལས་ཉོན་གྱི་དབང་གིས་སྐྱེ་འཆི་སྤངས་པས་སོ། །འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་པ་ལྟར་རོ། །དེས་ན་འདིའི་སྐྱེ་བ་ལེན་པའི་རྒྱུ་ནི། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱིས་བྱེད་དེ། བག་ཆགས་ཀྱི་མཚམས་སྦྱོར་བ་མ་སྤངས་པའི་ཕྱིར་ཏེ། སོ་སྐྱེས་མ་རིག་པའི་རྐྱེན་གྱིས་ལས་བསགས་ནས་འཁོར་བར་ཉིང་མཚམས་སྦྱོར་བ་ལྟར། མ་རིག་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར། ཞེས་དང། གཙུག་ན་རིན་པོ་ཆེས་ཞུས་པ་ལས། ཉོན་མོངས་པ་རྣམས་ལ་སྡུག་བསྔལ་བསྐྱེད་པ་དང་། གཉེན་པོའི་གེགས་བྱེད་པ་དང་། སྐྱེ་བ་ལེན་པ་དང་། རིགས་འདྲ་བསྐྱེད་པའི་ནུས་པ་བཞི་ལས། དང་པོ་གཉིས་སྤོང་ལ། ཕྱི་མ་གཉིས་མི་སྤོང་བར་བཤད་པ་ཡང་འཁོར་བར་འཆིང་བྱེད་ལ་ནུས་པ་བཞི་ཀ་ཡོད་ཅིང་། བག་ལ་ཉལ་གྱི་ཉོན་སྒྲིབ་ལ་ཕྱི་མ་གཉིས་ཡོད་པས་བག་ལ་ཉལ་གྱི་ནུས་པ་ལ་དགོངས་ནས་བཤད་པར་མངོན་ནོ། །འཕགས་སེང་གཉིས་ཀྱི་དགོངས་པའང་ཡིན་ཏེ། མ་རིག་པ་དང་། ལྟ་བའི་བག་ལ་ཉལ་འཇོམས་ཀྱི་འདོད་སྲིད་ཀྱི་བག་ལ་ཉལ་མི་འཇོམས་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལམ་ཤེས་ཀྱི་ཆེད་དུ་གཉེར་ནས་མི་སྤོང་བའི་ཉོན་མོངས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔོན་གྱི་མཁས་པ་དུ་མ་དང། མཁས་གྲུབ་གཡག་པས་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པར་བཞེད་པ་ལྟར་འཐད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང། སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླངས་པས་བསམ་བཞིན་དུ་སྲིད་པར་གཞན་དོན་དུ་སྐྱེ་བ་ལེན་པར་འདོད་པའི་འདུན་པའམ་སྲེད་པ་ནི་སྐབས་འདིར་བསྟན་གྱི་མི་སྤོང་རྒྱུའི་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཡིན་ཞིང། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་བརྒྱད་གསུངས་པའི་གཅིག་ཡིན་ནོ། །འདི་ལ་ཉོན་མོངས་པའི་མིང་གིས་འདོགས་པའི་རྒྱུ་མཚན་དང་བཏགས་པའི་དགོས་པ་དངོས་ལ་གནོད་བྱེད་སོགས་དོན་ཚན་བདུན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། བྱང་ཆུབ་སེམས་དཔས་ཉོན་མོངས་པ་ཆེད་དུ་གཉེར་ནས་ལམ་གྱི་གནས་སྐབས་རྣམ་པ་ཐམས་ཅད་དུ་སྤོང་བ་མིན་ཏེ། དེེ་སྤངས་པའི་མྱང་འདས་དོན་དུ་མི་གཉེར་བའི་ཕྱིར་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པའི་ཕྱིར། དེའི་ཕྱིར་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་ལས་དེའི་ལམ་གྱི་རང་བཞིན་ཁྱད་པར་དུ་འཕགས་པར་གྲུབ་བོ། །ཅེས་དང། དེར་དེ་ཆེད་དུ་གཉེར་ནས་མི་སྤོང་ཡང་དེས་དེ་མ་སྤངས་དགོོས་པ་ནི་མིན་ཏེ། ས་དང་པོར་ཉན་རང་གི་སྤངས་པ་རྫོགས་པའི་ཕྱིར་རོ། །དེ་ལྟར་ཉན་ཐོས་ཀྱི་སློབ་ལམ་དུ། ཉོན་མོངས་ཀྱི་གཉེན་པོ་ཆེད་དུ་གཉེར་ནས་བསྒོམ། བྱང་སེམས་ཀྱི་སློབ་ལམ་དུ་ཉོན་སྒྲིབ་ཀྱི་གཉེན་པོར་ལམ་ཆེད་དུ་གཉེར་ནས་མི་བསྒོམ་པའི་རྒྱུ་མཚན་གྱིས། དེའི་ལམ་གྱི་རང་བཞིན་ཁྱད་པར་དུ་འཕགས་པ་སྟོན་པ་ཡིན་གྱི། ཞེས་དང། འོ་ན་སྲིད་པར་སྐྱེ་བ་ལེན་པ་དེ། ལམ་ཤེས་ཀྱི་རང་བཞིན་ཡིན་ན། དེ་དེར་སྐྱེ་བ་ལེན་པའི་རྒྱུ་གང་ཞེ་ན། འདི་ལ་མདོ་ལས། དང་པོ་ནི་སྙིང་རྗེ་དང་སྨོན་ལམ་ལ་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པའི་མིང་གིས་བཏགས་ནས། དེ་དེའི་རྒྱུར་འཆད་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དགོངས་པ་དང། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དཔལ་འཕྲེང་གི་མདོའི་དགོངས་པ་གཉིས་ལས། གཉིས་ཀ་ཡང་ཁས་བླངས་ཆོག་ཅིང། འགལ་བ་མིན་ནོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། ། |
{{#arraymap:ལམ་ཤེས་ཀྱི་ཆེད་དུ་གཉེར་ནས་མི་སྤོང་བའི་ཉོན་མོངས་
|; |@@@ | | }}