83975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་ཀྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལམ་ཤེས་ཀྱི་ཆ་ཤེས་སུ་གྱུར་པའི་ཡོན་ཏན་དུ་དམིགས་པ། ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། དེ་ལ་དབྱེ་ན། ལམ་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་བགེགས་མངོན་པའི་ང་རྒྱལ་མངོན་དུ་གྱུར་བ་དང་བྲལ་བ། མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཉེར་ལེན་རིགས་ཀྱིས་ཁྱབ་པ། འཁོར་བ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན། སེམས་ཅན་འཁོར་དུ་མ་བསྡུས་པ་རྣམས་སྡུད་པ་ལ་སོགས་པའི་ལམ་ཤེས་ཀྱི་བྱེད་ལས་དང་ལྔ་ཡོད་དེ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱི་མོག་མོག་པོར་མཛད་དང། །ཡུལ་ངེས་པ་དང་ཁྱབ་པ་དང། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་གསུངས་པའི་ཕྱིར། དེ་རེ་རེ་ལ་ཡང་རང་ཡིན་པར་གྱུར་པའི་གེགས་མངོན་པའི་ང་རྒྱལ་མངོན་དུ་གྱུར་བ་དང་བྲལ་བ་སོགས་ལྔ་ལྔར་ཡོད། གསུམ་པ་ནི། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
Domain ཆོས་ལུགས།
ལམ་ཤེས་ཀྱི་ཡན་ལག་ (2)
Part of speech མིང་ཚིག
Definition ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས་ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་ཐེག་པ་ཆེན་པོའི་རིགས་སད་པའི་གང་ཟག་གི་རྒྱུད་ཀྱི་ཡོན་ཏན་ཁྱད་པར་ཅན།
ལམ་ཤེས་ཀྱི་ཡན་ལག་ (3)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལམ་ཤེས་སྒོམ་པའི་ཐབས་སམ་ལམ་ཤེས་རྫོགས་བྱེད་ཅིག་ལ་ལམ་ཤེས་ཀྱི་ཡན་ལག་ཅེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྣམ་བཤད་དུ། གཞུང་འདིས་ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་ལམ་ཤེས་ཀྱི་ཡན་ལག་འཆད་བྱེད་ལ་སྦྱར་བ་ནི་འཆད་ཚུལ་གཉིས་པ་ཞིག་སྟེ། ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་འཆད་བྱེད་དུ་སྦྱར་རུང་བ་ལ་དགོངས་པའི་ཕྱིར། ཞེས་གསུངས། དབྱེ་ན། རུང་བའི་ལམ་ཤེས་ཀྱི་ཡན་ལག། ཡུལ་ངེས་པ། ཁྱབ་པ། རང་བཞིན། བྱེད་ལས་ཀྱི་ལམ་ཤེས་ཀྱི་ཡན་ལག་སྟེ་ལྔ་ཡོད། ས་མཚམས་ཐེག་རིགས་སད་པ་ནས་སངས་རྒྱས་ཀྱི་སའི་བར་ཡོད།