83980
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད། གཞི་བདེན་བཞིའི་སྟེང་གི་ལམ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར། དབྱེ་ན་ཀུན་འབྱུང་བདེན་པའི་རྣམ་པ་བརྒྱད། ལམ་བདེན་གྱི་རྣམ་པ་བདུན། སྡུག་བསྔལ་བདེན་པའི་རྣམ་པ་ལྔ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་སྟེ་སོ་དྲུག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །ལམ་ཤེས་ཀྱི་སྐབས་སུ་ཐོས་བསམ་གྱིས་རྒྱས་པར་གཏན་ལ་ཕབ་པ་དེ་ཉིད་རྣམ་པར་བསྡུ་ན་འདོད་ཆགས་དང་བྲལ་བའི་རྣམ་པ་སོགས་སོ་དྲུག་ཏུ་འདུས་ཞེས་པའི་དོན་ནོ། །དེ་ལྟར་སོ་དྲུག་པོ་བྱང་སེམས་སོ་སྐྱེའི་རྒྱུད་ལ་ཡོད་པ་རྣམས་འདོད་ཆགས་དང་བྲལ་བའི་རྣམ་པ་སོགས་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡིན་གྱི་མངོན་སུམ་མ་རྟོགས་པས་ལམ་ཤེས་ཀྱི་རྣམ་པ་དངོས་མ་ཡིན་ལ་བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པ་རྣམས་ནི་ལམ་ཤེས་ཀྱི་རྣམ་པ་དངོས་ཡིན་པར་ཤེས་པར་བྱའོ། །འདིར་ཀུན་འབྱུང་བདེན་པའི་རྣམ་པ་ལ་འདོད་ཆགས་དང་བྲལ་བ་སོགས་བརྒྱད། ལམ་བདེན་གྱི་རྣམ་པ་ལ་ཚད་མེད་པའི་རྣམ་པ་སོགས་བདུན། སྡུག་བདེན་གྱི་རྣམ་པ་ལ་མི་རྟག་པའི་རྣམ་པ་སོགས་ལྔ། འགོག་བདེན་གྱི་རྣམ་པ་ལ་ནང་སྟོང་པ་ཉིད་ཀྱི་རྣམ་པ་སོགས་བཅུ་དྲུག་སྟེ་སོ་དྲུག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལམ་ཤེས་ཀྱི་ཤེས་རྣམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པའི་འཛིན་སྟངས་དེ་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། ཡང་ན་ལམ་གྱི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་འཛིན་སྟངས་དེ། འདིར་བསྟན་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཀུན་འབྱུང་བདེན་པའི་ཤེས་རྣམ། ལམ་བདེན་གྱི། སྡུག་བདེན་གྱི། འགོག་བདེན་གྱི་ཤེས་རྣམ་དང་བཞི། ཞེས་དང་། མདོར་བསྡུ་ན། ལམ་ཤེས་ཀྱི་ཤེས་རྣམ་ནི། ལམ་ཤེས་ཀྱི་འཛིན་སྟངས་དངོས་སམ་དེ་དང་རྗེས་སུ་མཐུན་པ་གཅིག་ཡིན་ལ། རྗེས་སུ་མཐུན་པ་ནི་ཚོགས་སྦྱོར་ཀྱི་གནས་སྐབས་ན་ཡང་ཡོད་ཅིང། དེ་སྒོམ་པ་ལ་ལམ་ཤེས་ཀྱི་རྣམ་པ་སྒོམ་པར་གཞག་གོ ། ལམ་ཤེས་ཀྱི་འཛིན་སྟངས་དངོས་ནི་བྱང་སེམས་འཕགས་པ་དང་སངས་རྒྱས་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ནི་རྣམ་མཁྱེན་གྱི་ཤེས་རྣམ་དུ་འདུ། འདིར་བསྟན་གྱི་བསྒོམ་བྱ་ཤེས་རྣམ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ནའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
{{#arraymap:ལམ་ཤེས་ཀྱི་ཤེས་རྣམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པར་དམིགས་པ། ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན་ནོ། ། |
{{#arraymap:ལམ་ཤེས་ཀྱི་ཤེས་རྣམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱང་སེམས་ཀྱིས་ཆེད་དུ་སྒོམ་པའི་ལམ་གསུམ་གྱི་རིགས་ཡོངས་སུ་ཚང་བའི་ཤེས་རབ་ཅིག་ལ་ལམ་ཤེས་ཀྱི་རྣམ་པ་ཞེས་འཇོག དེ་ལ་དབྱེ་ན་སོ་དྲུག་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཡོད་དེ། ཀུན་འབྱུང་བ་དང༌། ལམ་དང༌། སྡུག་བསྔལ་བ་དང༌། འགོག་པའི་བདེན་པ་ལ་བརྟེན་པའི་ལམ་ཤེས་ཀྱི་རྣམ་པ་གྲངས་བཞིན་དུ་རྣམ་པ་བརྒྱད་དང༌། བདུན་དང༌། ལྔ་དང༌། བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཞེས་དང། རྒྱན་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་གསུངས། |
{{#arraymap:ལམ་ཤེས་ཀྱི་ཤེས་རྣམ་
|; |@@@ | | }}