83982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་པ་ (1)
Part of speech མིང་ཚིག
Definition ཤེས་པ་བཅུའི་ནང་གསེས། ལས་ཉོན་སྤོང་བྱེད་ཟག་མེད་ཀྱི་ལམ་ཤེས་པའོ། །དེའི་དམིགས་པ་དང་རྣམ་པ་ནི་ལམ་སོགས་ལམ་བདེན་གྱི་རྣམ་པ་བཞིའོ། །དེའི་ངོ་བོ་ནི་དགེ་བ་འབའ་ཞིག་གོ ། གཞན་ཡང་འདི་ཉིད་ས་ནི་བསམ་གཏན་བཞི་དང་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་ཏེ་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་དགུ་ན་ཡོད་ལ། འདི་ནི་དྲན་པ་ཉེར་གཞག་བཞི་པོ་རེ་རེ་ནས་ཡིན་པ་ཡོད་དེ། ཅི་རིགས་པ་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་དུ་དམིགས་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་པའི་རྟེན་ཅན་ཡང་ཡིན་ནོ། །ལམ་ཤེས་པ་འདིའི་དམིགས་པ་ཤེས་པ་བཅུ་ལས་དགུ་ཡིན་ཏེ། དེ་ནི་ཟག་མེད་ཁོ་ན་དམིགས་པར་ངེས་པའི་ཕྱིར། ཀུན་རྫོབ་ཤེས་པ་མ་གཏོགས་སོ། །ཡང་འདིས་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་གཉིས་ལ་དམིགས་པར་བྱེད་དེ། ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་ལའོ། །
Domain ཆོས་ལུགས།