83988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་སྐྱེ་བའི་རྟེན་གྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལམ་ཤེས་ཐོབ་པར་བྱེད་པའམ། ཐོབ་ཟིན་གནས་པ་གང་རུང་གིས་བསྡུས་པའི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་ཡོན་ཏན་དེ། ལམ་ཤེས་སྐྱེ་བའི་རྟེན་གྱི་ཡན་ལག་དང་ལམ་ཤེས་ཀྱི་ཡན་ལག་གཉིས་ཀའི་མཚན་ཉིད་ཡིན། དེ་གང་རུང་གིས་བསྡུས་པའི་ཐེག་ཆེན་མོས་སྤྱོད་པའི་རྒྱུད་ཀྱི་ཡོན་ཏན་དེ། ལམ་ཤེས་གསར་དུ་སྐྱེ་བའི་རྟེན་གྱི་ཡན་ལག་གི་མཚན་ཉིད་ཡིན། དེ་གང་རུང་གིས་བསྡུས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མ་ཐོབ་པའི་སྐྱེས་བུའི་རྒྱུད་ཀྱི་ཡོན་ཏན་དེ། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་ཡན་ལག་གི་མཚན་ཉིད་ཡིན། དེ་གང་རུང་གིས་བསྡུས་པར་གྱུར་པའི་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཐ་མ་པའི་རྒྱུད་ཀྱི་ཡོན་ཏན་དེ། དེ་དངོས་སུ་གསར་དུ་སྐྱེ་བའི་རྟེན་གྱི་ཡན་ལག་གི་མཚན་ཉིད་ཡིན། གཉིས་པ་ནི། དེ་ལ་དབྱེ་ན། ལམ་ཤེས་ཐོབ་པར་བྱེད་པའི་ལམ་ཤེས་ཀྱི་ཡན་ལག་དང༌། ལམ་ཤེས་ཐོབ་ཟིན་གནས་པར་བྱེད་པའི་ལམ་ཤེས་ཀྱི་ཡན་ལག་གཉིས་ཡོད་དོ། །ས་མཚམས་ནི། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་བར་ན་ཡོད། གསུམ་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མ་ནས། སངས་རྒྱས་ཀྱི་སའི་བར་ན་ཡོད། བཞི་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མ་ཁོ་ན་ན་ཡོད།
Domain ཆོས་ལུགས།