83989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་སྒྲུབ་བྱེད་ཀྱི་རིགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདུས་བྱས་བདེན་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་ཆོས་ཅན། རང་ཉིད་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་པ་ལ་བརྟེན་ནས་གོམས་བྱའི་དོན་ལ་གསལ་སྣང་ཐོབ་པར་འགྱུར་ཏེ། རྟེན་བརྟན་པར་གོམས་པར་བྱས་ཟིན། འབད་རྩོལ་སྐྱར་མ་ལ་མི་ལྟོས་པར་གོམས་པ་རང་གི་ངང་གིས་གོང་ནས་གོང་དུ་འཕེལ་བར་འགྱུར་པའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཞེས་པའི་རིགས་པ་ལ་བརྟེན་ནས། ལམ་ཤེས་འགྲུབ་སྟེ། དེ་ལ་བརྟེན་ནས་བྱང་འཕགས་ཀྱི་རྒྱུད་ཀྱི་འདུས་བྱས་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་འགྲུབ་པ་གང་ཞིག དེ་འདྲའི་མཁྱེན་པ་ལམ་ཤེས་ཡིན་པའི་ཕྱིར།
Domain ཆོས་ལུགས།