84004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་སྟོན་པ་ (1)
Part of speech མིང་ཚིག
Definition ལམ་གྱི་གནས་ཚུལ་སོགས་བཤད་པའི་བྱ་སྤྱོད་ཀྱི་མིང་།
Example ལམ་འདི་ང་ལ་རྒྱུས་ཡོད་པའི་ཆ་ནས་ངས་གཞན་ལ་ལམ་སྟོན་པ་ནི་ངའི་འགན་ཁུར་ཅིག་ཏུ་བསམ་ཡོད་ལྟ་བུ།
ལམ་སྟོན་པ་ (2)
Part of speech མིང་ཚིག
Definition ལམ་རིང་ཐུང་དང་ཇི་ལྟར་འགྲོ་དགོས་མིན་སོགས་བཤད་མཁན་གྱི་མིང་།
Example དང་པོ་གཞན་ཡུལ་ལ་འགྲོ་སྐབས་ལམ་སྟོན་པ་ཞིག་ལ་སྐད་ཆ་དྲིས་ན་བཟང་ལྟ་བུ།
ལམ་སྟོན་པ་ (3)
Part of speech མིང་ཚིག
Definition བྱ་བ་གང་ཞིག་བྱེད་པའི་མྱུར་ལམ་མམ་བདེེ་བླག་ངང་འགྲུབ་པར་བསླབ་བྱ་སྟོན་པའི་བྱ་སྤྱོད་ཀྱི་མིང་།
Example ལག་ཤེས་བཟོ་རྩལ་སློབ་མཁན་ལ་ལམ་སྟོན་པ་ནི་གལ་ཆེ་བའི་ལས་དོན་ཞིག་རེད་ལྟ་བུ།
ལམ་སྟོན་པ་ (4)
Part of speech མིང་ཚིག
Definition ལམ་དང་ལུགས་སྲོལ་གསར་དུ་བཏོད་པའི་བྱ་སྤྱོད་ཀྱི་མིང་སྟེ།
Example ང་ཚོ་རྗེས་སུ་ལུས་པའི་སྐབས་འདིར་ལམ་སྟོན་པ་ནི་ཡི་རང་བྱེད་དགོས་པའི་གནས་ཤིག་རེད་ལྟ་བུ།