84008
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། ལམ་སྦས་བཤད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ལྔ་དགུ་པ་ཡིན། བརྗོད་བྱ། སྐྱབས་སེམས་དང་རང་ཉིད་དགྱེས་པ་རྡོ་རྗེ་དང་རྡོ་རྗེ་ཧེ་རུ་ཀ་རིམ་གྱི་སྒོམ་སྡེ་རྩ་རླུང་སྒོམ་པས་མཐོང་ལམ་སྐྱེ་ཚུལ་དང་སོགས་སྒོམ་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་དང་བདག་མེད་བིརྺ་པ། །གོང་མ་རྣམ་ལྔ་ཞང་དང་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ཚུལ་བུདྡྷཱ་ཤྲཱི། །ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་པ། །སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཟབ་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་རྗེ་ས་སྐྱ་པཎྡི་ཏའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |