84026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ (1)
Part of speech བྱ་ཚིག
Definition ལས་ཀ་བྱེད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [ལས།, སང་ཉིན་ལས་ཀ་ལས་དགོས།]
Present [ལས།, ལས་ཀ་ལས་བཞིན་ཡོད།]
Past [ལས།, ཁ་སང་ལས་ཀ་ལས་ཡིན།]
Imperative [ལོས།, ཁྱེད་ཀྱིས་ལས་ཀ་ལོས་ལྟ་བུ།]
ལས་ (1)
Part of speech མིང་ཚིག
Definition ལུས་ངག་ཡིད་ཀྱི་བྱ་སྤྱོད།
Keyword True
Example དགེ་བའི་ལས་བསགས་པ།
ལས་ (2)
Part of speech མིང་ཚིག
Definition བརྡ་སྤྲོད་ཀྱི་བྱ་བྱེད་ལས་གསུམ་གྱི་ནང་ཚན་གྱི་ལས་ཏེ། བྱ་བའམ་ལས་ཀའི་ཡུལ་གྱི་མིང་།
ལས་ (3)
Part of speech མིང་ཚིག
Definition མདོ། ལུས་ངག་ཡིད་ཀྱི་བྱ་སྤྱོད་དེ། སྐྱེད་བྱེད་ཀྱི་ལས་ནི་སེམས་པ་དང་། དེས་བྱས་པའི་ལས་གཉིས་སོ། །དེའི་དང་པོ་སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་དེས་བསྐྱེད་པ་གང་ཡིན་པ་བསམ་པའི་ལས་ཏེ། ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་ཡང་ལས་རྣམས་ཀྱི་རྣམ་པར་སྨིན་པ་ལྕི་བ་དང་ཡང་བ་ཁྱད་པར་རྒྱུ་དྲུག་གིས་ཤེས་པར་བྱ་སྟེ། བྱ་བ་བྱས་པའི་རྗེས་ལ་བྱེད་པ་གང་ཡིན་པ་ནི་འཇུག་པ་དང་། གང་དུ་ཕན་པ་དང་གནོད་པ་དག་བྱེད་པ་ཞིང་དང་། ལས་ཀྱི་ལམ་གཞི་དང་ནི། དེའི་དོན་དུ་ལུས་ངག་གི་ལས་བྱེད་པ་སྦྱོར་བ་དང་། གང་གི་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པ་སེམས་པ་དང་། དེ་དག་ལ་དེ་དང་འདི་ལྟ་བུ་ཞིག་ནི་བྱའོ། །དེ་དག་འདི་ལྟ་བུ་ཞིག་ནི་མི་བྱའོ་སྙམ་པ་བསམ་པ་སྟེ། དེ་དག་གི་དབང་ལས་དེ་ལྕི་བའམ་ཡང་བར་འགྱུར་ལ། ཡང་བ་ཆུང་ངུ་དང་། ལྕི་བ་ཆེ་བ་ལས་ཀྱང་ཆུང་དང་ཆེ་བ་ཉིད་དུ་འགྱུར་རོ། ། དབྱེ་ན། ངོ་བོའི་སྒོ་ནས་སེམས་པའི་ལས་དང་བསམ་པའི་ལས་གཉིས། ངོ་བོའི་སྒོ་ནས་ཕྱེ་བའི་ལས་གསུམ་སྟེ། བསོད་ནམས་ཀྱི་ལས་དང་བསོད་ནམས་མ་ཡིན་པའི་ལས་དང་མི་གཡོ་བའི་ལས་སོ། །དུས་ཀྱི་སྒོ་ནས་ཕྱེ་བ་མྱོང་འགྱུར་གྱི་ལས་གསུམ་སྟེ། བདེ་བ་མྱོང་བར་འགྱུར་པའི་ལས་དང་སྡུག་བསྔལ་མྱོང་བར་འགྱུར་པའི་ལས་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་པའི་ལས་སོ། །གཞན་ཡང་། འཕེན་བྱེད་ཀྱི་ལས་དང་མངོན་པར་འགྲུབ་བྱེད་ཀྱི་ལས་གཉིས་སོ། ། ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པ་རྣམ་པ་གཉིས་སེམས་ཀྱི་དབང་གིས་ལུས་དེ་དང་དེ་ལྟར་གནས་པ་ནི། ལུས་ཀྱི་རྣམ་པར་རིག་བྱེད་དེ། བྱེ་སྨྲ་དབྱིབས་ཀྱི་གཟུགས་སུ་འདོད་དོ། །གཞན་དག་ན་རེ་འགྲོ་བ་ལས་ཡིན་ཏེ་ལུས་གཡོ་བ་ལས་ཡིན་གྱི་མི་གཡོ་བས་ནི་མ་ཡིན་པའི་ཕྱིར་རོ་ཞེས་སོ། ། མདོ་སྡེ་པས། ཡུལ་གཞན་དུ་འདབ་ཆགས་པར་འབྱུང་བ་ལ་འགྲོ་བར་མངོན་པའི་ང་རྒྱལ་བྱེད་པར་ཟད་དེ་རྩའི་མེ་བཞིན་ནོ། །དབྱིབས་ཁ་དོག་ལས་གཞན་ཞིག་ཡོད་ན། འདི་དབང་པོ་གཉིས་ཀྱིས་གཟུང་བར་འགྱུར་བ་ཞིག་ན། གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱི་འཛིན་པ་མེད་དོ། །གཞན་ཡང་རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དེ་ལྟ་བས་ན་མང་པོ་དེ་ལྟར་གནས་པ་ཁོ་ན་རིང་པོ་ལ་སོགས་པ་འདོགས་པར་ཟད་དོ་ཟེར་རོ། །ལུས་ལ་བརྟེན་པའི་ལས་ནི་ལུས་ཀྱི་ལས་ཏེ། དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ། །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་དག་ལ་ཡང་ཅི་རིགས་པར་རིག་པར་བྱ་སྟེ། འདི་དང་འདི་ལྟ་བུ་ཞིག་བྱའོ་སྙམ་པའི་ཀུན་ཏུ་རྟོག་པ་ནི་སྔར་འབྱུང་ལ། དེ་ལྟར་བསམས་ནས་དེའི་འོག་ཏུ་གང་གིས་ལུས་འཇུག་པར་བྱེད་པར་བྱ་བའི་སེམས་པ་སྐྱེ་བར་འགྱུར་ཏེ། དེ་ནི་བསམ་པའི་ལས་ཞེས་བྱའོ། །ཞེས་མཛོད་རང་འགྲེལ་ལས་བཏུས། །
Domain ཆོས་ལུགས།
ལས་ (4)
Part of speech མིང་ཚིག
Definition འདུལ་བ། འདུལ་བ་ནས་བཤད་པའི་ལས་ཀྱི་ཆོ་ག་སྟེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་མཚན་ཉིད་ཡོད་དེ། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་དེ། འདུལ་བ་ནས་གསུངས་པའི་ཆོ་ག་རྣམ་པར་དག་པའི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས།
ལས་ (1)
Part of speech ཕྲད་ཚིག
Definition རྣམ་དབྱེ་ལྔ་པ་འབྱུང་ཁུངས་དང༌། དེའི་ནང་གསེས་མི་མཐུན་དགར་བ་ལ་འཇུག་པའི་སྒྲ་ཞིག་སྟེ།
Keyword True
Example གངས་རི་ལས་ཆུ། རྒྱ་མཚོ་ལས་ནོར་བུ་ལྟ་བུ།