8403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གབ་པ་མངོན་ཕྱུང་ (1)
Part of speech མིང་ཚིག
Definition སྦས་པའི་དོན་ནམ་དོན་རྟོགས་དཀའ་བའི་རིགས་གསལ་པོར་བྱས་པའམ་ཕྱིར་མངོན་དུ་བཅུག་པའི་བྱ་མིང་སྟེ།
Example དག་ཡིག་རིག་པའི་གབ་པ་མངོན་ཕྱུང་ལྟ་བུ།
གབ་པ་མངོན་ཕྱུང་ (2)
Part of speech མིང་ཚིག
Definition མ་ཎི་བཀའ་འབུམ་དུ་གསལ་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གྱི་གདམས་པ་ཁྱད་པར་ཞིག་སྟེ། མ་ཎི་བཀའ་འབུམ་ལས། གཉིས་པ་གབ་པ་མངོན་བྱུང་གི་གདམས་ངག་ལ་གསུམ་ལས། དང་པོ་རང་ལ་གནས་ཀྱང་སྒྲིབ་པས་ངོ་མ་ཤེས་པ་གབ་པ་མངོན་དུ་ཕྱུང་བའི་མན་ངག་དམུས་ལོང་མིག་ཕྱེ་བ་ལྟ་བུ་ནི། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དམུས་ལོང་དུ་གྱུར་ན། མཚན་དང་དཔེ་བྱད་རང་ལ་ཡོད་ཀྱང་མཐུན་རྐྱེན་སྨན་པ་ལ་རག་ལས་པ་དང་འདྲ་བར། སྨན་པ་མཁས་པས་མིག་གི་ལིང་ཐོག་ལ་སོགས་པའི་སྐྱོན་བསལ་བས་མཚན་དཔེ་རང་ལ་ཡོད་པ་གསལ་བ་བཞིན། སེམས་ཅན་ཐམས་ཅད་ལ་ཆོས་སྐུ་རང་ལ་ཡོད་ཀྱང་མ་རིག་པའི་བག་ཆགས་ཀྱིས་བསྒྲིབས་ནས་མ་ཤེས་པ། བླ་མའི་གདམས་ངག་བསྟན་ནས་ཉམས་སུ་བླངས་པས། སེམས་ཉིད་མ་བསླད་པ་ཆོས་སྐུར་ངོ་ཤེས་པ་ཡིན་ནོ། །གཉིས་པ་ཕྱི་བཟུང་བའི་ཡུལ་གྱིས་བསྒྲིབས་པས་ངོ་མ་ཤེས་པ་གབ་པ་མངོན་དུ་ཕྱུང་བའི་མན་ངག་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་ཤར་བ་ལྟ་བུ་ནི། དཔེར་ན་མེ་ལོང་དེ་གསལ་ལ་དྭངས་པ་གཟུགས་བརྙན་འཆར་བ་དང་ལེགས་མི་ལེགས་ཀྱི་སྐྱོན་ཡོན་འབྱེད་པ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་སྟོང་པ་ཟངས་ཐལ་དུ་རྟོགས་པས་བག་ཆགས་སོག་པའི་གནས་མེད་དོ། །འཁོར་འདས་ཐམས་ཅད་དེའི་ངང་ལས་འཆར་བར་རྟོགས་ན་སངས་རྒྱས་ཡིན། མ་རྟོགས་ན་མ་དག་པ་འཁོར་བར་སྐྱེ་བའི་རྒྱུ་བྱེད་པས་སྐྱོན་ཡིན་ནོ། །གསུམ་པ་དེ་གཉིས་སུ་མེད་པ་ལ་སྒྲིབ་པས་ངོ་མ་ཤེས་པ་གབ་པ་མངོན་དུ་ཕྱུང་བའི་མན་ངག་རིན་པོ་ཆེ་འདམ་ནས་ཐོན་པ་ལྟ་བུ་ནི། དཔེར་ན་རིན་པོ་ཆེ་དེས་འོག་གི་འདམ་ན་ཡོད་ན་དགོས་འདོད་འབྱུང་བའི་གཞི་ཡོད་ཀྱང་སྒྲུབ་མི་ནུས། འདམ་ནས་བཏོན་ནས་ནོར་བུ་མཁན་གྱིས་བཀྲུ་བ་གསུམ་གྱིས་བཀྲུས། ཕྱི་བ་གསུམ་གྱིས་ཕྱིས་ནས་རྒྱལ་མཚན་གྱི་རྩེ་ལ་བཏགས་ཏེ་མཆོད་པས། དགོས་འདོད་ཅི་བསམས་པ་ཐམས་ཅད་འགྲུབ་པ་བཞིན་དུ། རང་གི་སེམས་ཉིད་རིན་པོ་ཆེ་ལྟ་བུ་ཆོས་ཀྱི་སྐུ་རབ་གསལ་ངང་ལ་ཡོད་པ་ལ། དང་པོ་ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་དྲི་མ་ཐམས་ཅད་བདར། བར་དུ་བསམ་པའི་ཤེས་རབ་ཀྱིས་ཤེས་བྱའི་སྒྲིབ་པ་ཕྱིས། མཐར་སྒོམ་བྱུང་གི་ཤེས་རབ་ཀྱིས་ཤེས་པ་གཟེངས་བསྟོད་པས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ངོ་། །
Domain ཆོས་ལུགས།