84033
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱིར་ཆུང་མའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱིས་ཁྱོ་ཀའི་དེ་དག་གི་ཁམས་ལ་ཕར་འཐབ་ན་མའམ་བུ་ཕྲད་ཡིན་པའི་ཁྱོ་ཀ་ལ་ཟེར་ཞིང་། བྱེ་བྲག་ཏུ་མཐུན་སྦྱོར་བག་མའི་རྩིས་འདིར་ལུས་དབང་གཉིས་ཆུང་མ་གཙོ་བས་ཆུང་མའི་རང་ལོའི་ལུས་དང་དབང་ཐང་གི་ཁམས་ཀྱིས་ཁྱོ་ཀའི་དེ་གཉིས་ཀྱི་ཁམས་ལ་ཕར་འཐབ་ན་མའམ་བུར་འགྲོ་མིན་ལ་བརྟན་པ་གཅེས་པ་ཡིན། གཡའ་སེལ་དུ་ས་ཆུ་ནང་འཕྲད་ཀྱང་དེར་གཏོགས་ཞེས་གསུངས་འདུག དེ་གཉིས་ལས་ལུས་ཁམས་མའམ་བུར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡིན་ན་ལུས་ཀྱི་འབྱུང་བ་མཐུན་ཞེས་ཟེར་ཞིང་། དབང་པོར་སྐྱོན་མེད་ཅིང་བཞིན་ལེགས་པའི་བུ་ཚ་འཕེལ་བ་སྟེ་མལ་གང་ཤི་ཆད་མེད་པར་བཤད། དབང་ཐང་མའམ་བུར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡིན་ན་དབང་ཐང་གི་འབྱུང་བ་མཐུན་ཞེས་ཟེར་ཞིང་། ལོ་ཕྱུགས་འཕེལ་བ་སྟེ་ཟས་ནོར་ཕུན་སུམ་ཚོགས་པ་འོང་བར་བཤད། གལ་སྲིད་ཆུང་མ་ལྕགས་རྟ་ལོ་མ་དང་ཁྱོ་ཀ་ས་གླང་ལོ་པ་ཡིན་པར་ཆ་བཞག་ན། ཁྱོ་ཀའི་ལུས་ཁམས་མེ་ཆུང་མའི་ལུས་ཁམས་སའི་མ་ཡིན་པས་ལུས་མར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡིན་ལ། ཁྱོ་ཀའི་དབང་ཁམས་ས་ཆུང་མའི་དབང་ཁམས་ལྕགས་ཀྱི་མ་ཡིན་པས་དབང་ཐང་མར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡང་ཡིན་པ་ལྟ་བུ་དང་། འདིའི་རིགས་ལ་བྱེ་བྲག་ཏུ་མའི་ཁྱོ་ཀ་ཡང་ཟེར། ཡང་ཆུང་མ་ལྕགས་རྟ་ལོ་མ་དང་ཁྱོ་ཀ་ཆུ་སྟག་ལོ་པ་ཡིན་པར་ཆ་བཞག་ན། ཁྱོ་ཀའི་ལུས་ཁམས་ལྕགས་ཆུང་མའི་ལུས་ཁམས་སའི་བུ་ཡིན་པས་ལུས་བུར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡིན་ལ། ཁྱོ་ཀའི་དབང་ཁམས་ཆུ་ཆུང་མའི་དབང་ཁམས་ལྕགས་ཀྱི་བུ་ཡིན་པས་དབང་ཐང་བུར་འགྲོ་བའི་ལས་ཀྱི་ཁྱོ་ཀ་ཡང་ཡིན་པ་ལྟ་བུ་དང་། འདིའི་རིགས་ལ་བྱེ་བྲག་ཏུ་བུའི་ཁྱོ་ཀ་ཡང་ཟེར། |
| Domain | རྩིས་རིག |