84035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་གནས་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཁ་ཅིག་ན་རེ་གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་བཞོན་པའི་མཚན་ཉིད་ནི་གནས་གཅིག་གོ ། རལ་གྲིའི་ཐབས་དང་འཕོང་གི་གཡུལ་ཤེས་པ་ནི་གཉིས་པའོ། །གཡུལ་ངོར་ཕྱིན་པ་བསྣུར་བ་དང༌། མདུན་དུ་བསྣུན་པ་ནི་གསུམ་པའོ། ལྕགས་ཀྱུས་བསྒྱུར་ཐབས་ལ་སོགས་པའི་གཡུལ་སྒྱེལ་བའི་འཐབ་མོ་ཞེས་བྱ་བ་ནི་བཞི་པའོ། །བཅད་པ་ལ་སོགས་པའི་གཡུལ་ལ་མཚོན་གྱི་ལས་ཤེས་པ་ནི་ལྔ་པའོ་ཞེས་ཟེར་རོ། །
Domain ཆོས་ལུགས།
ལས་ཀྱི་གནས་ལྔ་ (2)
Part of speech མིང་ཚིག
Definition གཞན་དག་ན་རེ་དེ་ཕྱིར་བསྣུར་བ་ལ་སོགས་པ་ནི་གཅིག་གོ ། ལྕགས་ཀྱུས་བསྒྱུར་ཐབས་ལ་སོགས་པ་ནི་གཉིས་སོ། །འཛིན་སྟངས་ལ་སོགས་པ་ནི་གསུམ་པའོ། །རྒྱང་ནས་ཕོག་པ་ལ་སོགས་པ་ནི་བཞི་པའོ། །ཚབས་ཆེ་བ་ཕོག་པ་ནི་ལྔ་པའོ་ཞེས་ཟེར་རོ། །
ལས་ཀྱི་གནས་ལྔ་ (3)
Part of speech མིང་ཚིག
Definition ཁ་ཅིག་ན་རེ་གཅད་པ་ནི་དང་པོའོ། །དྲལ་བ་ནི་གཉིས་པའོ། །དབུག་པ་ནི་གསུམ་པའོ། །འཛིན་སྟངས་ལ་སོགས་པ་ནི་བཞི་པའོ། །སྒྲ་གྲག་པར་ཕོག་པ་ལ་སོགས་པ་ནི་ལྔ་པའོ། །
ལས་ཀྱི་གནས་ལྔ་ (4)
Part of speech མིང་ཚིག
Definition ཁ་ཅིག་ན་རེ་རྒྱང་ནས་ཕོག་པ་དང༌། སྒྲ་གྲག་པར་ཕོག་པ་དང༌། གནད་དུ་ཕོག་པ་དང༌། མི་ཚོར་བར་ཕོག་པ་དང༌། ཚབས་ཆེ་བ་ཞེས་སྨོས་པས་རྒྱང་ནས་ཕོག་པ་ནི་གནས་དང་པོའོ། །སྒྲ་གྲག་པར་ཕོག་པ་ནི་གཉིས་པའོ། །གནད་དུ་ཕོག་པ་ནི་གསུམ་པའོ། །མི་ཚོར་བར་ཕོག་པ་ནི་བཞི་པའོ། །ཚབས་ཆེ་བ་ནི་ལྔ་པའོ་ཞེས་ཟེར།