84036

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་གནས་སྐབས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཆུང་ངུའི་གནས་སྐབས། མི་དགེ་བའི་ལས་ཆུང་ངུས་ནི་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་བའི་ལས་ཆུང་ངུས་ནི་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འབྲིང་གི་གནས་སྐབས་ནི། མི་དགེ་བ་འབྲིང་གིས་ནི་ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་བ་འབྲིང་གིས་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཆེན་པོའི་གནས་སྐབས་ནི། མི་དགེ་བ་ཆེན་པོས་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་བ་ཆེན་པོས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བྱུང་བའི་གནས་སྐབས་ནི། སྐྱེས་ལ་མ་འགགས་པ་མངོན་སུམ་དུ་གྱུར་པ་གང་ཡིན་པའོ། །བག་ཆགས་ཀྱི་གནས་སྐབས་ནི། སྐྱེས་ནས་འགགས་པ་མངོན་དུ་གྱུར་པ་གང་ཡིན་པའོ། །
Domain ཆོས་ལུགས།