84038
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་གཞི་ལས་བྱུང་བ་སྟེ། ༡ མི་མཐུན་པའི་ལས་ནི། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་མ་འདུས་ཤིང་མངོན་སུམ་དུ་མ་གྱུར་པ་དང་། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་མ་བླངས་པར་གྱུར་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་ཕྱིར་འོང་བ་གང་གིས་གཤེ་བར་འོས་པ་རྣམས་མི་བཏུབ་ཅིང་ཕྱིར་དོང་ལ་ལས་དག་ཀྱང་བྱེད་ན། འདི་ནི། མི་མཐུན་པའི་ལས་ཞེས་བྱའོ། ། ༢ མཐུན་པའི་ལས་ནི། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་དང་། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་བླངས་པར་གྱུར་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་ཕྱིར་འདོད་པ་གང་དག་གཤེ་བར་འོས་པ་རྣམས་བཏུབ་ཅིང་མི་གཤེ་བ་ལས་དག་བྱེད་པ་ནི། མཐུན་པའི་ལས་ཞེས་བྱའོ། ། |
| Domain | ཆོས་ལུགས། |