8404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གབ་པ་ཚེའི་ཁྲིད་ཡིག་རྡོ་རྗེ་ཕྲེང་བ་ (1)
Part of speech མིང་ཚིག
Definition གབ་པ་ཚེའི་ཁྲིད་ཡིག་རྡོ་རྗེའི་ཕྲེང་བ་ཤིན་ཏུ་ཟབ་པའི་ཆོས། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་ཤིང་བྱི་ལོར་གུང་ཐང་མཁར་ནས་གདན་དྲངས། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཤིན་ཏུ་ཡང་ཟབ་སྙིང་གི་བཅུད༔ ཚེ་ཁྲིད་རྡོ་རྗེ་ཕྲེང་བ་འདི༔ མ་འོངས་དོན་དུ་བདག་གིས་བཀོད༔ ཅེས་གསལ། འདིའི་ནང་དོན་ལ། ཐབས་བསྐྱེད་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་ཐབས་ལམ་དང་གྲོལ་ལམ་གྱི་ཉམས་ལེན་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ཏེ་འབྱུང་ལྔའི་བཅུད་བསྡུས་ཤིང་། སེམས་ཅན་གྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཇི་ལྟར་རྒྱས་པའི་ཚུལ་མན་ངག་ཏུ་གསུངས།