84043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་གྲངས་ངེས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པ་ནི། ལུང་གཞིར་གསུངས་པའི་དངོས་བཅས་ཀྱི་དབང་དུ་བྱས་ནས་དེ་ལྟར་ཡིན་གྱི་གཞན་ནི་ངེས་པ་མ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་གྲངས་ངེས་ཡོད་དེ། ལུང་གཞིར་གསུངས་པའི་དངོས་བཅས་ཀྱི་དབང་དུ་བྱས་ནས་དེ་ལྟར་ངེས་པའི་ཕྱིར། འདུལ་བ་ནས་བཤད་པའི་ལས་ཡིན་ན། བརྒྱ་རྩ་གཅིག་པོ་གང་རུང་ཡིན་པས་ནི་མ་ཁྱབ་སྟེ། དེར་མ་འདུས་པ་དུ་མ་ཡོད་པའི་ཕྱིར་ཏེ། དགེ་འདུན་གྱི་དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་བསྟན་པ་ལ་འཇུག་པ་སོགས་ཀྱི་དོན་དུ་གསོལ་བཞིའི་ལས་ཀྱིས་བག་ཡངས་སུ་བྱ་བར་གསུངས་པའི་ཕྱིར་དང་། མདོར་བསྡུས་ཀྱི་ལས་ཐམས་ཅད་ཀྱང་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།