84045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་ཆུང་མ་ (1)
Part of speech མིང་ཚིག
Definition སྤྱིར་ཁྱོ་ཀའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱིས་ཆུང་མའི་དེ་དག་གི་ཁམས་ལ་ཕར་འཐབ་ན་མའམ་བུ་ཕྲད་ཡིན་པའི་ཆུང་མ་ལ་ཟེར་ཞིང་། བྱེ་བྲག་ཏུ་མཐུན་སྦྱོར་བག་མའི་རྩིས་འདིར་སྲོག་ཀླུང་གཉིས་ཁྱོ་ཀ་གཙོ་བས་ཁྱོ་ཀའི་རང་ལོའི་སྲོག་དང་ཀླུང་རྟའི་ཁམས་ཀྱིས་ཆུང་མའི་དེ་གཉིས་ཀྱི་ཁམས་ལ་འཐབ་ན་མའམ་བུར་འགྲོ་མིན་ལ་བརྟག་པ་གཅེས་པ་ཡིན། གཡའ་སེལ་དུ་ས་ཆུ་ནང་འཕྲད་ཀྱང་ལས་ཀྱི་ཆུང་མར་གཏོགས་ཞེས་གསུངས་འདུག དེ་གཉིས་ལས་སྲོག་ཁམས་མའམ་བུར་འགྲོ་བའི་ཆུང་མ་ཡིན་ན་སྲོག་གི་འབྱུང་བ་མཐུན་ཞེས་ཟེར་ཞིང་། ཚེ་དང་འགྲོགས་ཡུན་ཤིན་ཏུ་རིང་བར་བཤད། ཀླུང་རྟ་མའམ་བུར་འགྲོ་བའི་ལས་ཀྱི་ཆུང་མ་ཡིན་ན་ཀླུང་རྟའི་འབྱུང་བ་མཐུན་ཞེས་ཟེར་ཞིང་། མི་ཁ་བྱམས་པ་སྟེ་ཕྱི་མི་ནང་མི་ཐམས་ཅད་བྱམས་ཤིང་ཁྱད་པར་དུ་ཡ་རབས་གོང་མས་སྐྱོང་བར་བཤད། གལ་སྲིད་ཁྱོ་ཀའི་རང་ལོ་འབྲུག་དང་ཆུང་མའི་རང་ལོ་སྦྲུལ་ཡིན་པར་ཆ་བཞག་ན། ཆུང་མའི་སྲོག་ཁམས་མེ་ཁྱོ་ཀའི་སྲོག་ཁམས་སའི་མ་ཡིན་པས་སྲོག་མར་འགྲོ་བའི་ལས་ཆུང་མ་ཡིན་ལ། ཆུང་མའི་ཀླུང་ཁམས་ཆུ་ཁྱོ་ཀའི་ཀླུང་ཁམས་ཤིང་གི་མ་ཡིན་པས་ཀླུང་རྟ་མར་འགྲོ་བའི་ལས་ཀྱི་ཆུང་མ་ཡང་ཡིན་པ་ལྟ་བུ། འདིའི་རིགས་ལ་བྱེ་བྲག་ཏུ་མའི་ཆུང་མ་ཡང་ཟེར། ཡང་ཁྱོ་ཀའི་རང་ལོ་སྟག་དང་ཆུང་མའི་རང་ལོ་སྦྲུལ་ཡིན་པར་ཆ་བཞག་ན། ཆུང་མའི་སྲོག་ཁམས་མེ་ཁྱོ་ཀའི་སྲོག་ཁམས་ཤིང་གི་བུ་ཡིན་པས་སྲོག་བུར་འགྲོ་བའི་ལས་ཀྱི་ཆུང་མ་ཡིན་ལ། ཆུང་མའི་ཀླུང་ཁམས་ཆུ་ཁྱོ་ཀའི་ཀླུང་ཁམས་ལྕགས་ཀྱི་བུ་ཡིན་པས་ཀླུང་རྟ་བུར་འགྲོ་བའི་ལས་ཀྱི་ཆུང་མ་ཡང་ཡིན་པ་ལྟ་བུ། འདིའི་རིགས་ལ་བྱེ་བྲག་ཏུ་བུའི་ཆུང་མ་ཡང་ཟེར།
Domain རྩིས་རིག