84046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་ཆོ་ག་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ར་ཀྲི་ཏས་མཛད་པའི་ལས་ཀྱི་ཆོ་ག བསྟན་འགྱུར་རྒྱུད་ཞུ་པར་བཞུགས།
ལས་ཀྱི་ཆོ་ག་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། དགོས་པ་ནི། རང་རང་གི་ལས་འཆགས་ཤིང་། དེ་ལ་བརྟེན་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལྟ་བུའོ། །ཞེས་དང་། ལས་ཀྱི་དབྱེ་བ་ནི་བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་སྟེ། དེའང་གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞི། གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན། གསོལ་བ་དང་བཞིའི་ལས་སུམ་ཅུའོ། །བསྡུ་བ་ནི། ལས་དེ་རྣམས་ཐམས་ཅད་བསྡུ་ན་གསུམ་དུ་འདུས་ཏེ། གསོལ་བ་འབའ་ཞིག་པའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། ། མཚན་ཉིད་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་སྟེ། དེ་ནི་འདུལ་བ་ནས་གསུངས་པའི་ཆོ་ག་རྣམ་གཞག་གི་ལས་ཀྱི་མཚན་ཉིད་དོ། །རྟེན་གང་ལ་ལས་གང་བཞག་པ་ནི། དགེ་སློང་མའི་སྟོན་པ་བསྐོ་བ་དང་། དགག་དབྱེ་བྱེད་པ་པོ་བསྐོ་བ་དང་། རས་ཆེན་སྦེད་པ་པོ་བསྐོ་བ་དང་། གཟུ་བོ་དང་གསལ་བ་དང་གསལ་བའི་གསལ་བ་བསྐོ་བ་ནི་རྟེན་སྐྱེས་པ་རྣམས་ཀྱིའོ། །ཕྱག་མི་བྱ་བའི་སྡོམ་པ་དང་། བཟློག་པའི་ཕམ་པའི་སྐབས་ཀྱི་བསྒོ་བ་དང་། དཀོན་མཆོག་གཏོང་བ་ལ་སོགས་པ་ལ་བཟློག་པའི་ཕྱིར་བསྒོ་བ་དང་། སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། བུ་ཆུང་དང་ལྷན་ཅིག་ཉལ་བ་དང་ཉེ་དུ་དང་ལྷན་ཅིག་འབྲེལ་བའི་གནང་བ་སྦྱིན་པ་ནི་བུད་མེད་རྣམས་ཀྱིའོ། །བསྙེན་རྫོགས་བྱ་བའི་ལས་ལ་སོགས་པ་སྟེ་ཕལ་ཆེ་བ་རྣམས་ནི་སྐྱེས་པ་དང་བུད་མེད་ཐུན་མོང་གི་ལས་ཡིན་ནོ། །གྲངས་ངེས་པའི་ཚུལ་ནི། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པ་སྟེ། ཀརྨ་ཤ་ཏཾ་ལས། ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས་ཞེས་གསུངས་སོ། །དེའང་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་ངེས་པ་ཡིན་ཡང་། མདོར་བསྡུས་དང་བཅས་ན་དེར་མ་ཟད་དེ། ལུང་གཞིའི་འགྲེལ་བ་ལས་ལས་བརྒྱ་རྩ་གཅིག་པོ་གཙོ་ཆེར་སྨོས་པ་ཟད་ཀྱི། འདིར་ལས་བརྒྱ་རྩ་གཅིག་པོ་དག་ཉི་ཚེ་བཟུང་བར་མ་ཟད་དེ། འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བཤད་དོ། །སྐབས་འདིར་གསོལ་བཞིའི་ལས་སྨོས་ལ་གཞན་མ་སྨོས་པའི་འཐད་པ་ནི། གསོལ་བཞིའི་ལས་མ་ཡིན་པ་ལ་ཡིན་པ་སྒྲོ་འདོགས་བསལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།