84063
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལུང་གཞི་ནས་དངོས་སུ་གསུངས་པའི་ལས་ཀྱི་དབྱེ་བ་ནི་བརྒྱ་དང་བཅུ་མེད་གཅིག་ཡོད་པའི་ཕྱིར་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་གྲུབ་སྟེ། ལས་བརྒྱ་རྩ་གཅིག་ཡོད་པའི་ཕྱིར་ཏེ། གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞི། གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན། གསོལ་བཞིའི་ལས་སུམ་ཅུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཀརྨ་ཤ་ཏམ་ལས། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག ། ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁ་དབུབ་བྱ་བ་དང་། །དེ་ཉིད་ཟློག་པར་བྱ་བ་དག ། གསོལ་བ་འབའ་ཞིག་ལས་ཡིན་ནོ། ཞེས་གསུངས་པའི་ཕྱིར། ཤི་བའི་ཡོ་བྱད་བྱིན་གྱིས་བརླབས་པ་དང་། ནོར་དང་འདྲ་བ་བྱིན་གྱིས་བརླབས་པ་གཉིས་གཅིག་ཏུ་དང་། ཆོས་གོས་སྲ་བརྐྱང་གདིང་བ་ལ་གཏད་པ་དང་ཆོས་གོས་སྦྱིན་པ་གཉིས་གཅིག་ཏུ་དང་། གྲངས་སུ་གཞུག་པ་བཞི་སོ་སོར་བགྲང་བར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |