84067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག ལམ་གྱི་ཕྱག་རྒྱ་བཞིའི་ཡ་གྱལ་ལས། རྫོགས་རིམ་ལྟར་གཟུངས་མ་དང་སྦྱར་བ་ནི། འོད་གསལ་སྙིང་པོ་ལས། ལས་ཀྱི་ཕྱག་རྒྱ་ནི་སྐྲ་དང་ནུ་མ་ལྡན་པ་བུད་མེད་ཀྱི་ལུས་སུ་སྣང་བ་ཐམས་ཅད་དོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་ཞེས་པའམ། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བར་གྲགས་པ་བུད་མེད་ཀྱི་ལུས་ལ་འཇུག་པ་དང་། ཞེས་དང་། དེ་ལ་ལས་ཀྱི་ཕྱག་རྒྱ་ནི་རྣམ་པར་སྨིན་པའི་ལུས་ཀྱི་བདག་ཉིད་བུད་མེད་རྣམས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།
ལས་ཀྱི་ཕྱག་རྒྱ་ (2)
Part of speech མིང་ཚིག
Definition ཕྲིན་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་རོ། །