84072
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བསམ་པའི་ཡན་ལག་ལ་འདུ་ཤེས་ཀྱི་ཡན་ལག་དང་། ཀུན་སློང་གི་ཡན་ལག་གཉིས་སུ་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསམ་པའི་ཡན་ལག་ཡོད་དེ། འདུ་ཤེས་ཀྱི་ཡན་ལག་དང་། ཀུན་སློང་གི་ཡན་ལག་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཞི་དེ་མཚན་ཉིད་དང་ལྡན་པར་འདུ་ཤེས་པ་ཉིད་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བསམ་པ་ཐག་པ་ནས་ལས་བྱེད་པར་འདོད་པ་རྒྱུན་མ་ཆད་པ་དེ་ཡིན་པའི་ཕྱིར་ཏེ། མདོར། བཞད་གད་ཀྱི་དངོས་པོ་ནི་གང་གིར་ཡང་མི་འགྱུར་རོ་ཞེས་པ་དང་། བཏང་བ་ཡང་ངོ་། །ཞེས་གསུངས། ཞེས་གསལ། |
| Domain | ཆོས་ལུགས། |