84086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་འཕྱོང་ཆེན་དགུ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་སྟེ། དེ་ཡང་སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པ་ཁ་ཚར་ཟུར་བཀོལ་གྱི་བོན་སྡེའི་སྐོར་ཞིག་གོ ། ནང་གསེས་དབྱེ་ན། གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་། །སྣང་སྲིད་རབ་འབྱམས་སྐོང་གི་འཕྱོང་། །ཡེ་ཤེས་དབལ་མོ་སྲོག་གི་འཕྱོང་། །ཐུགས་རྗེ་ཞགས་པ་འདུར་གྱི་འཕྱོང་། །ལས་བཞི་རྒྱུན་ལྔ་སྒྲིབ་སྦྱང་འཕྱོང་། །འབུམ་སྡེ་ས་ཡ་དམ་ཚིག་གི་འཕྱོང་། །བདུད་རྩི་གསང་བ་སྨན་གྱི་འཕྱོང་། །ཐིག་ལེ་དབྱིངས་ཆེན་དགོངས་པའི་འཕྱོང་། །ཀུན་ཁྱབ་ཡངས་པ་ལྟ་བའི་འཕྱོང་དང་དགུ་རུ་བཤད་དོ། །དེ་དག་ནང་གསེས་ཀྱི་ཁྱད་པར་བྱེད་ལས་དང་ཕན་ཡོན་དགོས་དོན་རྣམས་མ་ཚིག་རང་རང་གི་སྐབས་སུ་གསལ་ལོ། །
Domain ཆོས་ལུགས།