From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གབ་ཙེ་ (1)
| Part of speech
|
མིང་ཚིག
|
| Definition
|
ཟ་མ་ཏོག་གམ་སྣོད་ཀྱི་མིང་།
|
གབ་ཙེ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁུ་བ་ལྡུག་སའི་སྣོད་ལ་འཇུག་སྟེ། འདུལ་བ་ལས། མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུའོ། ཁུ་བའི་མིག་སྨན་ནི་གབ་རྩེའི་ནང་དུའོ། ཕྱེ་མའི་མིག་སྨན་ནི་དོང་བུའི་ནང་དུའོ་ཞེས་འབྱུང་བ་ལྟ་བུ།
|
གབ་ཙེ་ (3)
| Part of speech
|
མིང་ཚིག
|
| Definition
|
དར་གོས་ལས་བྱས་པའི་གདན་ལ་འཇུག་པ་ཡོད་དེ།
|
| Example
|
མ་ཎི་བཀའ་འབུམ་ལས། གབ་རྩེ་ཡང་དར་ལས་བྱས་པ་གཉིས་བཏིང་བ་ཞེས་དང་། ལྷ་ས་འཕྲུལ་སྣང་དུ་གབ་རྩེ་དགུ་རྩེག་གི་གདན་ལ་བཞུགས་སུ་གསོལ་བ་ལྟ་བུ།
|
གབ་ཙེ་ (4)
| Part of speech
|
མིང་ཚིག
|
| Definition
|
སྐབས་འགར་གབ་རྩེ་ཞེས་པ་ལ་སྐུ་གསུང་ཐུགས་ཀྱི་གབ་རྩེའམ་གབ་ཙེའི་དབྱེ་བའང་ཡོད་དེ། དག་ཡིག་ལེགས་བཤད་ཚིག་གཏེར་ལས། གཞན་ཡང་སྐུ་ཡི་གབ་རྩེ་དང་། གསུང་གི་གབ་རྩེ་དང་། ཐུགས་ཀྱི་གབ་རྩེ་དང་། སྤྱིར་གབ་རྩེ་ལ་ས་ཡི་གབ་རྩེ་གནས་ཀྱི་གབ་རྩེ་སོགས་ཀྱི་ཐ་སྙད་མང་པོ་ཡོད་དོ་ཞེས་འབྱུང་བ་ལྟ་བུ།
|
| Domain
|
ཆོས་ལུགས།
|
གབ་ཙེ་ (5)
| Part of speech
|
མིང་ཚིག
|
| Definition
|
མུ་གེའི་བསྐལ་པ་གསུམ་གྱི་ཡ་གྱལ་ཞིག་སྟེ། དེང་སང་འདུ་བ་གང་ཡིན་དེ་ནི་དེའི་ཚེ་གབ་ཙེ་ཞེས་བྱ་བ། གབ་ཙེ་ལ་ཡང་གབ་ཙེ་ཞེས་བྱ་སྟེ། བཀྲེས་པ་དང་། ཉམ་ཆུང་བས་བཀྲེས་པའི་མི་དག་འདུ་ཞིང་འདུས་ནས་འཆི་བར་འགྱུར་བ་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་གབ་ཙེ་དག་གི་ནང་དུ་ས་བོན་དག་འཇོག་པར་བྱེད་དེ། དེའི་ཕྱིར་མུ་གེ་དེ་ནི་གབ་ཙེ་ཞེས་བྱའོ། །འདི་སྐད་དུ། དགེ་འདུན་ལ་བསོད་སྙོམས་འགའ་ཞིག་གུས་པར་བྱས་ཏེ་ཕུལ་བ་དེ་ནི་མུ་གེ་དང་བར་གྱི་བསྐལ་པ་དེ་དག་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་བརྗོད་དོ། །
|
གབ་ཙེ་ (5)
| Part of speech
|
མིང་ཚིག
|
| Definition
|
སྤོར་ཐང་ཁྲ་མོ་མེས་ཚིག་འཕྲོ་ཡི་མིང་སྟེ། བཀའ་ཁོལ་མ་ལས། ཨོང་ཅུང་ཀོང་ཇོ་གིས་འདི་ང་ལ་བོད་ལ་འགྲོ་བའི་བསྲུང་བ་ལ་དགོས་གསུངས་ནས་འཁྱེར་བས། ཨོང་ཅུང་གིས་སྙིང་བརྩེ་ནས་གབ་པས་གབ་རྩེ་ཞེས་པའི་མིང་ཡང་ཆགས་ཞེས་དང་། མ་ཎི་བཀའ་འབུམ་ལས། སྲས་རྒྱལ་བུ་ཐེ་བས་གབ་རྩེ་བརྒྱད་ཅུ་སྐོར་མེ་ལ་བསྲེགས་པ་ལ་རྩིས་མཁན་གྱིས་གབ་པས། ཁང་པ་གང་གབ་པའི་འོག་ཏུ་ཚུད་དེ། གབ་རྩེ་བྱ་བ་དེ་ནས་བྱུང་ངོ༌། །ཞེས་ངེས་ཚིག་མི་འདྲ་བ་བྱུང་།
|
གབ་ཙེ་ (6)
| Part of speech
|
མིང་ཚིག
|
| Definition
|
འབྱུང་རྩིས་ཀྱི་ཁྲམ་ཁ།
|
| Domain
|
རྩིས་རིག
|