84099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་རྡོ་རྗེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཆོད་དཔོན།
Domain ཆོས་ལུགས།
ལས་ཀྱི་རྡོ་རྗེ་ (2)
Part of speech མིང་ཚིག
Definition རྣལ་འབྱོར་རྒྱུད། རྡོ་རྗེ་རྩེ་གསུམ་པ་ནི། མཁའ་འགྲོར། རྩེ་གསུམ་རྭ་འདེངས་རྣམ་འགྱུར་བ། །དེ་བཞིན་མ་རུངས་་་པ་སྐྲོད་་་པར་ཤེས་་་པར་བྱེད་པའི་རྡོ་རྗེ་་བྱ། །ཞེས་གསུངས་ཏེ། ལྟེ་བ་པད་ཟླ་དང་བཅས་པའི་དབྱིབས་ཚད་གོང་བཞིན་ལ། དབུས་རྭའི་བདུན་རྒྱབ་གཉིས་བོར་ནས་གཡས་གཡོན་གཉིས་སུ་རྭ་རེ་དང་བཅས་པ་སྟེ། འདི་ལ་མ་རུངས་པ་སྐྲོད་པར་བྱེད་པའི་རྡོ་རྗེ་ཞེས་ཀྱང་བྱའོ། །ལེགས་བསྡུར། ཞི་དང་མ་ཞི་རབ་དབྱེ་བས། །ཡང་་་ལས་ཀྱི་རྡོ་རྗེ་ལ་་ནི་རྣམ་པ་གཉིས་སུ་བརྗོད། །བཞི་པ་་་ཞེས་པའི་ལེགས་བསྡུར་རྩེ་དགུ་ལྔ་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་གསུངས་ཤིང་དེ་ལ་ལྟོས་པའི་ཞི་བ་ཡིན་པས་་་སྣ་ཚོགས་རྡོ་རྗེ་ཉིད། །ཕྱོགས་རེ་རེའང་་་རྩེ་མོ་ལྔ་་་དང་ལྡན་་་པ་གདོང་བཞི་་་་ཞེས་རྒྱ་གྲམ་ཡིན་་་ཡིན། །ཞེས་ལས་ཀྱི་རྡོ་རྗེ་གཉིས་སུ་བྱས་ནས། ཞི་རྒྱས་སོགས་ལས་ཚོགས་བསྒྲུབ་པ་ལ་རྩེ་མོ་ལྔ་པ་ཅན་གྱི་སྣ་ཚོགས་རྡོ་རྗེ་དང་མ་ཞི་བ་སྟེ། དྲག་པོའི་ལས་བསྒྲུབ་པ་ལ་རྩེ་གསུམ་པ་རྭ་འདེངས་པ་འབྱུང་བར་བཤད་དོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། །