84103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འདོགས་པ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། གང་གིས་ཉམས་སུ་མྱོང་བར་འགྱུར་བ་ནི། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བརྟེན་ནས་གང་ཟག་ཏུ་འདོགས་པ་ནི་གང་གིས་ཉམས་སུ་མྱོང་བའོ། ། ཅིས་ཉམས་སུ་མྱོང་བར་འགྱུར་བ་ནི། དེ་ཡང་རེག་པའི་སྐྱེ་མཆེད་དྲུག་གིས་ཉམས་སུ་མྱོང་ངོ་། །ཇི་ལྟར་ཉམས་སུ་མྱོང་བར་འགྱུར་བ་ནི། དེ་ལ་མའི་ལྟོ་ན་འདུག་པའི་ཁུ་ཆུ་དང་ཁྲག་གི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་པ་དང༌། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པས་བསྡུས་པ་དང་མའི་ལྟོ་ན་ཁོང་སྟོང་ཡོད་པ་ནི་བུ་འཆགས་པར་འགྱུར་བ་ཡིན་ནོ། །ཉམས་སུ་མྱོང་བ་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་ནི། དེ་ནས་མིང་དང་གཟུགས་སོ། །དེ་ནས་སྐྱེ་མཆེད་དྲུག་གོ ། དེ་ནས་ཚོར་བ་སྟེ་དེ་ལྟར་གོ་རིམས་འདི་བཞིན་དུ་ཚོར་བར་འགྱུར་རོ། །ཚོར་བ་དེའི་རྒྱུ་ནི་ཚེ་འདིའི་རེག་པ་ཡང་ཡིན་ལ་སྔོན་གྱི་ལས་ཀྱང་རྒྱུ་ཡིན་ནོ། །གལ་ཏེ་དམ་པའི་ཆོས་མ་ཡིན་པ་ཐོས་པ་ལས་བརྟེན་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་རེག་པར་གྱུར་ན་ནི་དེ་ཚོར་བའི་རྐྱེན་གྱིས་སྲེད་པ་སྲེད་པའི་རྐྱེན་གྱིས་ཕྱི་མ་ལ་སྐྱེ་བ་དང་རྒ་བ་ལ་སོགས་པའི་བར་གྱི་སྡུག་བསྔལ་གྱི་ཁྱད་པར་རྣམས་འབྱུང་སྟེ། དེ་ལྟར་མ་རིག་པའི་འདུས་ཏེ་རེག་པའི་ཚོར་བ་མྱོང་བ་དེ་ནི་བདེན་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཇི་ལྟར་རྣམ་པར་བྱུང་བ་ནི། དེ་ལས་བཟློག་པ་དམ་པའི་ཆོས་ཐོས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ཏེ། རེག་པའི་འདུས་ཏེ་རེག་པའི་ཚོར་བ་མྱོང་བ་ནི་བདེན་པ་གཉིས་ཀྱིས་རྣམ་པར་བྱང་བར་འགྱུར་རོ། །
Domain ཆོས་ལུགས།