84113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ཆོ་འཕྲུལ་བཞིར་གསུངས་པའི་ཡ་གྱལ་ཞིག་སྟེ། སེམས་ཅན་གྱི་ལས་ཀྱི་རྫུ་འཕྲུལ་ལས་འཁྲུལ་པའི་སྣང་བ་སྐྱེད་ཕྱིར་ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་གང་ལས་གསུམ་གྱི་བྱ་བ་བྱེད་ནུས་པའི་རྫུ་འཕྲུལ་ལས་ནི། ཁམས་གསུམ་གྱི་འགྲོ་བ་ཐ་དད་ཅིར་ཡང་སྣང་བས་དངོས་པོ་གཉིས་མ་འདྲེས་པར་སྲིད་པར་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་བཀོད་པ་ནི་འདི་ལྟ་སྟེ། དེ་ཉིད་དངོས་སུ་ན་མི་ལ་སོགས་པ་མངལ་ནས་སྐྱེ་བ་དང༌། གྲོག་སྦུར་ལ་སོགས་པ་དྲོད་གཤེར་དང༌། སྦྲུལ་དང་འདབ་ཆགས་ལ་སོགས་པ་སྒོ་ང་དང༌། ལྷ་དང་བར་མ་དོ་དང་དམྱལ་བ་ལ་སོགས་པ་བརྫུས་ནས་སྐྱེ་བ་སྟེ་གང་སྐྱེ་བ་རྣམ་བཞིར་སྣང་བ་ཐམས་ཅད་དེ་བཞིའི་ཆ་འཛིན་པར་སྨོས་པ་ནི་ཐ་མ་འདོད་པའི་ཁམས་ཉིད་དོ། །ཞེས་གསུངས་ལྟར་དབྱེ་ན་སྐྱེ་གནས་བཞི་དང་མཐུན་པར་བཞིའོ། །
Domain ཆོས་ལུགས།