84115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མི་དགེ་བ་དང་དགེ་བ་རྣམས་ཏེ། ལས་ནི་སེམས་པ་ཡིན་ལ་སེམས་པ་ཡང་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གསུམ་གྱི་དབང་དུ་འགྲོ་ཞིང་མངོན་པར་འདུ་བྱེད་པས་ན་ལས་ཀྱི་ལམ་འདི་གསུམ་ལ་བྱ་ལ། ལས་མ་ཡིན་ཏེ། དེ་དག་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་གི་ལས་རྣམ་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་ཕྱིར་ལས་ཉིད་ཀྱང་ཡིན་ལ། ལས་ཀྱི་ལམ་ཡང་ཡིན་ཏེ། དེ་དག་བྱ་བ་ཡིན་པའི་ཕྱིར་དང་། ཀུན་ནས་སློང་བའི་སེམས་པ་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་ན་མི་དགེ་བ་བཅུ་པོ་ལས་ཀྱི་ལམ་ཞེས་བྱའོ། །དེ་བཞིན་དུ་དགེ་བ་བཅུ་ཡང་འདི་ལས་བཟློག་པ་ཡིན་པས་ན་བརྣབ་སེམས་མེད་པ་དང། སྲོག་གཅོད་པ་སྤངས་པ་ལ་སོགས་པ་དང་སྦྱར་ཏེ་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |